སྨན་རྩིས་དྲ་བ། - སོ་ལོ་སྔོན་པོ།
 
 
སོ་ལོ་སྔོན་པོ།
 
མིང་གཞན།    ལ་སྒྱོའུ་སྒྱོ་བ།  Capsicum  青辣椒
        
སྐྱེ་དབྱིབས།   འདི་ནི་སོ་ལོ་སྔོན་པོ་སྟེ།  སྐྱེ་ཚུལ་གོང་གི་ཙི་ཏྲ་ཀ་དང་མཚུངས་མོད་སྡོང་པོའི་མཐོ་ཚད་ཁྲུ་གང་ཙམ་ལས་མེད་པ།  འབྲས་བུའམ་གང་བུ་ཟླུམ་པོའམ་གོར་མོ་ཅན་ཆེ་ལ་ཁོང་སྟོང་ཞིང་པགས་ཤུན་མཁྲེགས་ལ་མཐུག་པར་ཤུར་རིས་དོད་པ།  འབྲུ་གུ་དཀར་སེར་ཆུང་ལ་ལེབ་པ་མང་པོ་འབྱུང་བ་དང༌།  འབྲས་བུའི་ཁ་མདོག་ལྗང་གུ་ནས་དམར་པོ་དང་སེར་པོར་འགྱུར་བའང་ཡོད།  ཚ་བའི་ཡུལ་དུ་འདེབས་འཛུགས་བྱེད་ཅིང༌།  སྤྱིར་སོ་ལོ་སྔོན་པོ་ནི་ཆེར་མ་རྒྱས་མ་སྨིན་པའི་སྐབས་བཏོག་སྟེ་བེད་སྤྱོད་བྱེད་དགོས།
 
བེད་སྤྱོད།    འབྲས་བུའམ་གང་བུ་སོས་པ་གཙང་འཁྲུ་བྱས་ཏེ།  བཙོ་བའམ་བསྲེག་པ།  བརྔོ་གཡོ་བྱེད་ཆོག་ལ།  གྲང་ཚལ་བཟོ་བ་དང༌།  ཁོག་པའི་ནང་ཤ་རིགས་དང་འབྲས་སོགས་བརྒྱང་སྟེ་བསྲེག་བཙོ་བྱས་ཏེ་བེད་སྤྱོད་ཀྱང་བྱེད་རུང༌།
 
རོ་དང་ངོ་བོ།  རོ་ཅུང་ཟད་མངར།  ངོ་བོ་བསིལ།
 
ཕན་ནུས།    གཞང་འབྲུམ་སེལ། སྲིན་གསོད། ཆུ་སེར་འོར་ནད་དང་མཛེ་ནད་འཇོམས།  འབྲས་སྐྲན་འགོག་པ་བཅས་ལ་ཕན།
 
དོ་སྣང༌།     འཇུ་དཀའ་ཞིང༌། གྲང་བ་མཁལ་རྐེད་ན་བའི་རིགས་ལ་གནོད།                           
 
 
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།