རྔ་དབྱུག་ཚལ། |
རྔ་དབྱུག་ཚལ།
མིང་གཞན། དྲུམ ཚལ། Drumstick 鼓槌
སྐྱེ་དབྱིབས། འདི་ནི་ཤིང་ཕྲན་གྱི་རིགས་ཤིག་སྟེ། སྡོང་པོ་ཕྲ་ལ་རིང་བ་འདྲོངས་ངེར་སྐྱེ་ཞིང༌། ཡལ་ག་གུག་ཅན་མང་པོ་ཡོད་པ། ལོ་མ་ཆུང་ལ་སྒོར་དབྱིབས་ཡིན་པ། མེ་ཏོག་ཆུང་ཞིང་དཀར་བ། འབྲས་བུ་རྔ་དབྱུག་ལྟར་ཕྲ་ལ་ཅུང་རིང་ཞིང་ཕྱི་ངོས་མི་སྙོམས་པར་སྒང་གཤོང་ཡོད་པ་གང་བུའི་ཚུལ་དུ་འབྱུང༌། རྒྱ་གར་དང་འབར་མ། པ་ཀི་སི་ཐན་ཡུལ་དུ་འདེབས་འཛུགས་བྱེད་ཀྱི་ཡོད།
བེད་སྤྱོད། འབྲས་བུ་གཙང་མ་བཀྲུས་ཏེ། རྐྱང་པ་སྣུམ་བརྔོ་བྱེད་པའམ། ཡང་ན་ཚལ་རིགས་གཞན་མཉམ་བརྔོ་གཡོ་བྱེད་ཆོག་ལ། ལོ་མ་དང་མེ་ཏོག་གཉིས་ཟས་སྤོད་དང་བག་འཁུར་ནང་བེད་སྤྱོད་བྱེད་རུང༌།
རོ་དང་ངོ་བོ། རོ་ཁ་བ། ངོ་བོ་བསིལ།
ཕན་ནུས། མཁྲིས་པའི་ཞེ་མེར་ལངས་པ་དང་མགོ་ཡུ་འཁོར་བ་སེལ། སྲིན་གསོད། ཟླ་མཚན་ན་བ་དང་རྩ་དཀར་ནད་བཅས་ལ་ཕན།
དོ་སྣང༌། བད་ཀན་གྲང་བའི་ནད་རིགས་ལ་གནོད།
|
སྨན་རྩིས་དྲ་བ། - རྔ་དབྱུག་ཚལ།
ནང་གསེས་དཀར་ཆག
ཡིག་ཆ་གསར་ཤོས།
དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།
དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།
གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།
བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག
ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།
སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།
སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།
མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།
སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།