སྨན་རྩིས་དྲ་བ། - མེ་ཏོག་པད་ཚལ།
 
 
མེ་ཏོག་པད་ཚལ།
 
མིང་གཞན།   फूलगोभी Cauliflower  花椰菜
 
སྐྱེ་དབྱིབས།   འདི་ནི་རི་སྐྱེས་ལོ་འཁོར་པད་ཚལ་གྱི་རིགས་ཤིག་སྟེ།  ལོ་མ་སྔོ་ལྗང་ཆེན་པོ་རིང་དུ་བགྲད་པའི་དཀྱིལ་དུ།  སྡོང་རྐང་ལྗང་ཁུ་མཐུག་ལ་ཡལ་ཕྲན་མང་པོ་གྱེས་པའི་རྩེ་མོར།  འོ་ཞོ་ལྟ་བུའི་ཟེ་ཞིབ་མང་པོ་འཁོར་ལོའི་ཚུལ་དུ་ཐོགས་པ་དཀྱིལ་གཅིག་ཏུ་རུབ་འདུས་བྱས་ཏེ།  མེ་ཏོག་གི་གང་བུ་བཞད་པ་ལྟར་སྐྱེ་བ་ཞིག་ཡིན།  གནམ་གཤིས་ཅུང་དྲོ་བའི་ས་མཐོའི་རི་ཀླུང་ཁུལ་དུ་སྐྱེ་ཞིང༌།  གཙོ་བོ་ཚལ་ཞིང་དུ་འདེབས་འཛུགས་བྱེད་ཀྱི་ཡོད།
 
བེད་སྤྱོད།    འོ་ཞོ་ལྟ་བུའི་ཟེ་ཞིབ་དང་ངར་པ་གཙང་འཁྲུ་བྱས་ཏེ།  ཆུ་བཙོའམ་རླངས་བཙོ་དང་ཡང་ན་ཚལ་མཉམ་བརྔོ་ཆོག་ལ།  ཁུ་ཐང་དང་གྲང་ཚལ་ཡང་བྱེད་རུང༌།
 
རོ་དང་ངོ་བོ།  རོ་མངར།  ངོ་བོ་ཅུང་བསིལ།
 
ཕན་ནུས།    ཁྲག་དང་ཟུངས་སྟོབས་སྐྱེད།  གཉན་ཁ་འཇོམས།  རླུང་ནད་སེལ།  གཞན་ཡང་ལུས་པོའི་ལྗིད་ཚད་སྲུང་འཛིན་དང་འབྲས་ནད་སྔོན་འགོག་བྱེད་པར་ཡང་ཕན།
 
དོ་སྣང༌།     བད་ཀན་གྲང་བ་དང་དྲེག་གྲུམ་རིགས་ལ་གནོད།
 
 
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།