སྨན་རྩིས་དྲ་བ། - མཛུབ་ཚལ།

 

 
 
མཛུབ་ཚལ།
 
མིང་གཞན།    Lady's finger, okra 秋葵   秋葵莢
 
སྐྱེ་དབྱིབས།   འདི་ནི་ཤིང་མ་ལྡུམ་གྱི་རིགས་ཤིག་སྟེ།  སྡོང་པོ་ལྗང་གུ་མཐོ་ཚད་སྨི་ཀྲི་གཉིས་ཙམ་སྐྱེ་ཞིང༌།  ལོ་མ་ཆེ་ལ་འཇོང་ནར་ཅན།  མེ་ཏོག་སེར་པོ་བཞད་པ།  འབྲས་བུའམ་གང་བུ་ལྗང་མདོག་ཟུར་ལྔ་ཅན་ལ་རྩེ་མོ་རྣོ་བ།  ནང་འབྲུ་དཀར་པོ་ཆུང་ཆུང་གཤེར་བག་ཅན་འབྱར་ཚི་ཆེ་བ་ཞིག་ཡིན།  ཚ་བའི་ཡུལ་དུ་སྐྱེ་ཞིང༌།  འདེབས་འཛུགས་ཀྱང་བྱེད་ཀྱི་ཡོད།
 
བེད་སྤྱོད།    འབྲས་བུའམ་གང་བུ་གཙང་འཁྲུ་བྱས་ཏེ།  ཁུ་ཐང་བཟོ་བའམ་བརྔོ་གཡོ་བྱེད་ཆོག
 
རོ་དང་ངོ་བོ།  རོ་བསྐ་ལ་མངར།  ངོ་བོ་བསིལ།
 
ཕན་ནུས།    མཁལ་ལྒང་ཚ་བའི་ནད་སེལ་ཞིང༌།  ཆུ་ལམ་འབྱེད།  ལུས་པགས་མཉེན་འཇམ་བཟོ། ཚ་བ་སེལ།  ཁྲག་ཤེད་སྙོམས།  བཤལ་ནད་དང་རོ་ཙ་གསོ་བ་བཅས་ལ་ཕན།
 
དོ་སྣང༌།     བད་ཀན་གྲང་བའི་རིགས་ལ་གནོད།                                   
              
 
 
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།