མ་ཤ། |
མ་ཤ།
མིང་གཞན། མོན་སྲན་གྲེའུ། kidney bean 菜豆
སྐྱེ་དབྱིབས། འདི་ནི་འབྲུའི་སྡེ་སྲན་མའི་རིགས་ཤིག་སྟེ། སྡོང་རྐང་ཕྲ་ལ་རིང་བ་སྤུ་ཞིབ་ཅན་གཞན་ལ་འཁྲིལ་ནས་སྐྱེ་བ། ལོ་མ་སྒོང་གཟུགས་ལྗང་ལ་འཇམ་པ་གསུམ་རེ་སྦྲེལ་ཏེ་ཡོད་པ། མེ་ཏོག་ཁ་མདོག་དཀར་པོ་དང་སེར་པོ་འཆར་བ་ནས་རིམ་བཞིན་དམར་སྐྱར་འགྱུར་བ། གང་བུ་ལྗང་སྐྱ་རིང་ཞིང་ཅུང་ཕྲ་ལ་གུག་པའི་ནང་དུ་འབྲས་བུ་ཟླུམ་འཇོང་ལེབ་ཞད་ཅན ༥ ནས་ ༡༠ ཙམ་བར་འདོགས་པར། ཁ་མདོག་དམར་ནག་དང༌། དཀར་པོ། ནག་པོ། ཁམ་སེར་སོགས་ཁྲ་དང་ཐིག་རིས་ཡོད་པ་ཅི་རིགས་འབྱུང་བ་ཞིག་ཡིན། རྒྱ་གར་དང་རྒྱ་ནག བོད་ཀྱི་ལྷོ་ཁུལ་སོགས་ཀྱི་ཞིང་ཁར་སྐྱེ་ཞིང༌། རྒྱ་གར་བྱང་ཕྱོགས་ཁུལ་དུ་གཙོ་ཆེར་སྔོ་ཚལ་ཆེད་འདེབས་འཛུགས་བྱེད་ཀྱི་ཡོད།
བེད་སྤྱོད། གང་བུ་སོས་པ་གཙང་འཁྲུ་བྱས་ཏེ། བཙོ་བའམ་བརྔོ་གཡོ་བྱེད་ཆོག་ལ། འབྲས་བུ་སྐམ་པོ་ཆུར་ཞག་གཅིག་སྦངས་ཏེ་བཙོ་སྐོལ་གྱིས་སྲན་ཐུག་གམ་ལྡ་ལི་ཡང་བཟོ་རུང༌།
རོ་དང་ངོ་བོ། རོ་བསྐ་ལ་མངར། ངོ་བོ་སྙོམས་ལ་སྣུམ་པ།
ཕན་ནུས། རླུང་སེལ། ཟུངས་སྟོབས་དང་ཁུ་བ་འཕེལ་བར་བྱེད།
དོ་སྣང། བད་ཀན་དང་མཁྲིས་པའི་ནད་རིགས་ལ་གནོད། འབྲས་བུ་སྐམ་པོ་མཁྲེགས་ཤིང་ལྕི་བས་འཇུ་དཀའ་བ་ཡིན། |
སྨན་རྩིས་དྲ་བ། - མ་ཤ
ནང་གསེས་དཀར་ཆག
ཡིག་ཆ་གསར་ཤོས།
དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།
དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།
གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།
བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག
ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།
སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།
སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།
མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།
སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།