སྨན་རྩིས་དྲ་བ། - པ་ལག
 
 
པ་ལག

མིང་གཞན།   ཀུན་ཐ།  पालक  Spinach    菠菜

སྐྱེ་དབྱིབས།
 
  འདི་ནི་སྔོ་ལྡུམ་གྱི་རིགས་ཏེ།  སྡོང་རྐང་མདོག་ལྗང་ཐུང་ངུ་ཅན་དང་མདོག་དཀར་རིང་པོ་ཆེ་བ་འཇམ་ཞད་ཅན།  ལོ་མ་ཆུང་ལ་སྲབ་པ་དང་ཆེ་ལ་མཐུག་པ་སྔོ་ལྗང་ཅན་བཅས་པ་རིགས་གཉིས་དང༌།  བོད་དུ་སྡོང་རྐང་སྨད་ཞབས་ཀྱི་ཁ་མདོག་དམར་ཟིང་དང་ལོ་མར་ཉག་ཆེན་ཁ་ཤས་འབྱུང་བ་གོང་གི་པར་གཡས་པ་ལྟར་སྐྱེ།  ཡུལ་གང་སར་འདེབས་འཛུགས་བྱེད་ཅིང་སྤྱོད་ཆེ་བས་་ཤེས་སླ།  ཁྱད་པར་དུ་བསིལ་ཞིང་རླན་གཤེར་ཆེ་བའི་ཡུལ་དུ་སྐྱེ་བ་བཟང་བར་བརྩི།

བེད་སྤྱོད།
   ལོ་རྐང་སོས་པ་གཙང་མ་བཀྲུས་ཏེ། གྲང་ཚལ་དང་ཁུ་ཐང་བཟོ་བ།  བཙོ་བའམ་བརྔོ་གཡོ་བྱེད་ཆོག་ལ།  ཡང་ན་ཅུག་ཚལ་མོག་མོག་ནང་དུ་མཉམ་བསྲེས་བྱེད་ཆོག 

རོ་དང་ངོ་བོ།
  རོ་མངར།  ངོ་བོ་བསིལ།

ཕན་ནུས།
 
   མཆིན་སྟོབས་སྐྱེད་ཅིང་ཟུངས་ཁྲག་གསོ།  ཁ་སྐོམ་པ་སེལ།  ཟས་འཇུ་བའི་གྲོགས་བྱེད།  བཤང་འགག་སེལ།  མཚན་ལོང་དང་གཞང་འབྲུམ་སེལ།  ཁ་ལྕེ་དང་པགས་པའི་རྨ་ཚད་འཇོམས།  གཞན་ཡང་བུ་གུ་འཚར་སྐྱེ་བྱེད་པར་ཕན།

དོ་སྣང༌།
 
    ཁྲག་ཤེད་དང་བཤལ་ནད་རིགས་ལ་གནོད།
 
 
 
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།