དོ་ལུམ་མ། |
དོ་ལུམ་མ།
མིང་གཞན།མོན་སྲན་ཟླུམ་པོ། बैंगन Eggplant 茄子 སྐྱེ་དབྱིབས། འདི་ནི་སྔོ་ལྡུམ་དོ་ལུམ་མའི་འབྲས་བུ་ཡིན་པར། གོང་གི་པར་གཡོན་པ་གོར་མོ་སྒོང་དབྱིབས་དང་པར་གཡས་པ་ནར་མོ་རིང་པོ་ཅན་རིགས་གཉིས་འབྱུང་གི་ཡོད་པར། སྤྱིར་སྡོང་རྐང་ཐུང་ངུ་མང་པོ་ས་ངོས་ནས་གྱེན་དུ་སྐྱེ་ཞིང༌། ཡལ་ཕྲན་གྱེས་ཏེ་ཚེར་མ་ཐར་ཐོར་འདོགས་པ། ལོ་མ་སྒོང་དབྱིབས་ཅན་ཅུང་ཆེ་ལ་ལྷེབ་པ། མེ་ཏོག་ཁེར་རྐྱང་མུ་མེན་ཤར་བ་ཞིག་ཡིན། ཚ་བའི་ཡུལ་དུ་འདེབས་འཛུགས་བྱེད་ཅིང་ཁྲོམ་རྭར་འབེལ་པོ་་ཡོད་པས་ཤེས་སླའོ༌། བེད་སྤྱོད། འབྲས་བུ་གཙང་མ་བཀྲུས་ཏེ། བཙོ་བའམ་བསྲེག་པ། བརྔོ་གཡོ་བྱེད་ཆོག
རོ་དང་ངོ་བོ། རོ་མངར། ངོ་བོ་བསིལ།
ཕན་ནུས། ཁྲག་ཚད་སེལ། རྒྱུ་ལོང་ནང་རྨ་ཁྲག་དོན་པ་གཅོད་པར་བྱེད། ནུ་མའི་སེར་ཁ་གསོ། པགས་ནད་ཟ་རྐོང་སེལ། གཅིན་འགག་སེལ། ཁྲག་ཤེད་གཅོག་པ་བཅས་ལ་ཕན།
དོ་སྣང༌། ཡུན་རིང་བཤལ་བ་དང་འཇུ་སྟོབས་ཞན་པོའི་རིགས་ལ་གནོད། |
སྨན་རྩིས་དྲ་བ། - དོ་ལུམ་མ།
ནང་གསེས་དཀར་ཆག
ཡིག་ཆ་གསར་ཤོས།
དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།
དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།
གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།
བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག
ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།
སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།
སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།
མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།
སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།