ཆིན་ཚལ། |
ཆིན་ཚལ།
མིང་གཞན། ཇིན་ཚལ། Celery 芹菜
སྐྱེ་དབྱིབས། འདི་ནི་སྔོ་ལྡུམ་གྱི་རིགས་ཤིག་ཡིན། རྩ་བར་ཁ་སྤུ་ཕྲ་ཞིབ་མང་པོ་ཐོགས་པ། སྡོང་རྐང་མང་པོ་ས་ངོས་ལ་རིམ་གྱིས་ཐོན་ཏེ་གཅིག་ལ་གཅིག་གིས་བཏུམས་ནས་ཡར་འདྲོང་པོར་སྐྱེ་ཞིང་རྩ་རིས་ཡོད་པ། རྩེ་མོར་ཡལ་ཕྲན་ཁ་ཤས་གྱེས་ཏེ་ལོ་མ་ཆུང་ལ་སིབ་སིབ་ཅན་ཉག་ག་འདོགས་ཤིང་དྲི་ངད་ཆེ་བ་ཞིག་ཡིན། གནམ་གཤིས་སྙོམས་པོའི་ས་ཁུལ་མང་ཆེ་བར་འདེབས་འཛུགས་བྱེད་ཀྱི་ཡོད།
བེད་སྤྱོད། ལོ་སྡོང་གཙང་མ་བཀྲུས་ཏེ། སོས་པ་རྗེན་པར་ཟ་བ། བཙོ་བའམ་བརྔོ་གཡོ་བྱེད་པ། ཁུ་ཐང་བཟོ་བར་བེད་སྤྱོད་བྱེད་ཆོག
རོ་དང་ངོ་བོ། རོ་མངར་ལ་ཚ་བ། ངོ་བོ་བསིལ།
ཕན་ནུས། ཚ་བ་དང་གློ་བའི་ནད་རིགས་འཇོམས། ཆང་ནད་དང་ཁ་སྐོམ་པ་སེལ། ཡི་ག་འབྱེད། ཕོ་ཚད་ནད་ཀྱི་སྐྱུགས་པ་གཅོད། ཁྲག་ཤེད་གཅོག གཅིན་པར་ཁྲག་འདྲེས་པ་སེལ། དྲི་ཆུ་འབེབ་པར་བྱེད་པ་བཅས་ལ་ཕན།
དོ་སྣང༌། བད་ཀན་གྲང་བའི་ནད་རིགས་དང༌། ཁྲག་ཤེད་དམའ་བ་ལ་གནོད།
|
སྨན་རྩིས་དྲ་བ། - ཆིན་ཚལ།
ནང་གསེས་དཀར་ཆག
ཡིག་ཆ་གསར་ཤོས།
དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།
དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།
གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།
བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག
ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།
སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།
སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།
མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།
སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།