སྨན་རྩིས་དྲ་བ། - མདུན་ངོས།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

དེ་རིང་འདི་གར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་སླར་གསོ་འམ་གསར་འཛུགས་བསྐྱངས་ནས་མི་ལོ་  ༦༤  དང་། བོད་དུ་ལྷ་ས་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༩ འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་པའི་དུས་ཆེན་ཉིན་རྣམ་པ་ལྷན་རྒྱས་ལ་སྙིང་ཐག་པ་ནས་བྱོན་པ་ལེགས་ཞེས་དགའ་བསུ་དང་སྦྲགས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།  རྒྱས་པར་གཟིགས་་

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༥ ཉིན་མཐོ་སློབ་ཚོགས་ཁང་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ལྡན་སྨན་རྩིས་ཁང་ཕྱི་ལོ་ ༡༩༡༦ ལོར་ཕྱག་བཏབ་ནས་ལོ་ངོ་ ༡༠༩ དང་། བཙན་བྱོལ་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་ཚོགས་གནང་སོང་། རྒྱས་པར་གཟིགས་་

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

ཕྱི་ལོ་ ༢༠༢༥ ཟླ་ ༣  ཚེས་ ༢༥ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་སྐབས། ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ ལོན་པ་ལྔ་དང་། ༢༠ ལོན་པ་བཅུ་གཉིས་འབྱུང་བ་རྣམས་ལ་ཕྱག་ཁྱེར་དང་ཕྱག་རྟགས་བསྩལ་ཡོད་ཅིང་། ཁོང་རྣམ་པའི་རླབས་ཆེན་གྱི་སྲི་ཞུ་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་ངོ་སྤྲོད་སྙིང་བསྡུས་རེ་ཞུ་རྒྱུ། རྒྱས་པར་གཟིགས་་

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཟླ་ ༤ ཚེས་ ༡༠ བར་ཉིན་བཅུའི་རིང་བཞུགས་སྒར་དང་ནོར་གླིང་ཁུལ་དུ་བཞུགས་པའི་རིས་མེད་སེར་སྐྱ་མང་ཚོགས་ལ་ྋསྐུ་བཅར་སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་གཙོས་སྨན་པ་གྲངས་ ༢༣ ནས་རིན་མེད་ཐོག་སྐམ་ཁབ་དཔྱད་བཅོས་ཞུ་རྒྱུ་བརྟེན་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་ཕེབས་གནང་ཡོང་བ་ཞུ། རྒྱས་པར་གཟིགས་་

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་སྨན་རྩིས་ལས་སྣེ་བ་གྲངས་བཞི་ཡི་ས་མིག་ས་སྟོང་ཡོད་པར། ཆ་རྐྱེན་ལྡན་ཞིང་འཛུལ་ཞུགས་གནང་འདོད་ཡོད་པའི་རང་རིགས་ནས་དགོས་ངེས་འགེང་ཤོག་འཐུས་ཚང་བཀང་སྟེ་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༥ ཉིན་བར་འབྲེལ་ཡོད་ཚན་པར་འགྱངས་མེད་འབུལ་ཐུབ་པ་དགོས་རྒྱུ།
རྒྱས་པར་གཟིགས་་

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱབ་ཞིང་གཤེགས་དམ་པ་དེའི་ཆེད་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་གཞུང་འབྲེལ་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཚོགས་པ་དང་། ཚོུད་ ༣ པ་ནས་དམ་པ་ཁོང་ལ་མྱ་ངན་གུས་བཏུད་མཚོན་ཆེད་ལས་མཚམས་བཞག་གནང་ཡོད། རྒྱས་པར་གཟིགས་་

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་བཙུགས་ཀྱིས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་ཡོད། ཡན་ལག་སྨན་ཁང་དེ་ཉིད་གཙོ་བོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཛམ་གླིང་ས་ཕྱོགས་གང་སར་ནས་གནས་གཟིགས་ལ་ཕེབས་མཁན་གྱི་ཆོས་ཞུ་བ་དང་། ཡུལ་སྐོར་བ། དེ་བཞིན་ནད་མནར་ཅན་ཀུན་ལ་བོད་སྨན་གྱི་ཁེ་ཕན་ཐོབ་སླད་བཙུགས་པ་ཞིག་ཡིན། རྒྱས་པར་གཟིགས་་

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་དཔེ་མཛོད་ཁང་དུ་དོ་དམ་པའི་ས་མིག་གཅིག་སྟོང་པ་ཡོད་ན། འཛུལ་འདོད་ཡོད་ཅིང་ཆ་རྐྱེན་ལྡན་པའི་བོད་རིགས་རྣམས་ནས་འགེངས་ཤོག་དང་འབྲེལ་ཡོད་ཡིག་ཆའི་འདྲ་བཤུས་རྣམས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༠ འགྱངས་མེད་འབྲེལ་ཡོད་ཚན་པར་གློག་འཕྲིན་བརྒྱུད་འབུལ་ཟིན་པ་དགོས། རྒྱས་པར་གཟིགས་་

ཡིད་སྐྱོའི་གནས་ཚུལ།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་པདྨ་མཐར་ཕྱིན་ལགས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༥ ཉིན་ནད་མནར་རྐྱེན་པས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག རྒྱས་པར་གཟིགས་་

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

དྷ་ས་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་འབྱུང་བཞིའི་གནོད་འཚེ་འདིའི་འོག་འདས་གྲོངས་སུ་སོང་བ་དང་། རྨས་སྐྱོན་བྱུང་བ། ལུས་སེམས་གཉིས་ལ་འཚེ་བས་མནར་བའི་རང་རིགས་རྣམས་ཀྱི་ཆེད་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་། རྒྱས་པར་གཟིགས་་

གློ་ཚད་གཉན་སྲིན་ཁྱབ་གདལ།

འགྲོ་བ་མིའི་གློ་ཚད་གཉན་སྲིན་ (HMPV: Human metapneumo virus ) འདི་གློ་ཡུའི་གོང་འོག་གཉིས་ཀར་ནད་གཞི་སྐྱེད་ཅིང་། ལྷག་པར་ཕྲུ་གུ་ཆུང་ཆུང་དང་། རྒན་འཁོགས། ནད་འགོག་ནུས་པ་ཞན་པའི་མི་རྣམས་ལ་ཉེན་ཁ་ཆེ་བ་ཡོད། HMPV ནི་ཕྱི་ལོ་ ༢༠༠༡ ལོར་ཐོག་མར་རྙེད་སོན་བྱུང་ཡོད། རྒྱས་པར་གཟིགས་་

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

འགྲོ་ཕན་སྨན་རྩིས་ཁང་གི་བལ་ཡུལ་ཡན་ལག་སྨན་ཁང་དུ་སྨན་རྩིས་ལས་སྣེ་ས་མིག་འཐོན་ཡོད་ན། ཆ་རྐྱེན་ཚང་ཞིང་འཛུལ་འདོད་ཡོད་པའི་རང་རིགས་རྣམས་ནས་འགེངས་ཤོག་འཐུས་གཙང་བཀང་སྟེ་འབྲེལ་ཡོད་ཚན་པར་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༥ མ་འགྱངས་བར་འབྲེལ་བ་གནང་དགོས། རྒྱས་པར་གཟིགས་་

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་གཅིག་གི་ས་མིག་སྟོང་པ་ཡོད་ན། འཛུལ་འདོད་ཡོད་ཅིང་ཆ་རྐྱེན་ལྡན་པའི་བོད་རིགས་རྣམས་ནས་འགེང་ཤོག་འཐུས་ཚང་བཀང་སྟེ་དགོས་ངེས་ཡིག་ཆའི་འདྲ་བཤུས་བཅས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༥ འགྱངས་མེད་འབྲེལ་ཡོད་ཚན་པར་གློག་འཕྲིན་འབུལ་ཟིན་པ་དགོས། རྒྱས་པར་གཟིགས་་

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་སྨན་རྩིས་ལས་སྣེ་བ་གྲངས་བདུན་གྱི་ས་མིག་སྟོང་པ་ཡོད་ན། འཛུལ་འདོད་ཡོད་ཅིང་ཆ་རྐྱེན་ལྡན་པའི་བོད་རིགས་རྣམས་ནས་དགོས་ངེས་འགེང་ཤོག་དང་འབྲེལ་ཡོད་ཡིག་ཆའི་འདྲ་བཤུས་བཅས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༥ འགྱངས་མེད་འབྲེལ་ཡོད་ཚན་པར་གློག་འཕྲིན་འབུལ་ཟིན་པ་དགོས། རྒྱས་པར་གཟིགས་་

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༧ ནས་༡༤ བར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་སྐོུ་ཐུབ་བསྟན་ཚེ་རིང་མཆོག་དང་། དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་གཞོན་པ་སྨན་དགེ་རྣམ་གྲོལ་ལྷ་མོ་རྣམ་གཉིས་ཨ་རི་མི་ནི་སོ་ཊའི་གཙུག་ལག་སློབ་ཆེན་གྱི་ཁྱབ་ཁོངས་ཤེས་ཡོན་དང་མི་ཤུགས་གོང་སྤེལ་མཐོ་སློབ་ཀྱི་མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་དབུ་བཙུགས་ནས་ལོ་ངོ་ཧྲིལ་པོ་བཅུ་འཁོར་བའི་དགའ་སྟོན་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་མགྲོན་འབོད་གནང་ རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།