སྨན་རྩིས་དྲ་བ། - མདུན་ངོས།

འཇམ་དཔྱད་ལག་ལེན་སློབ་ཁྲིད་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ནས་ཟླ་ ༥ ཚེས་ ༡༥ བར་ཟླ་གཅིག་དང་ཕྱེད་ཀའི་རིང་སྐུ་བཅར་སྨན་པ་འཇིགས་མེད་དགེ་འདུན་ལགས་ཀྱིས་སྐབས་ ༢༠ སྨན་པ་ཉེར་གཅིག་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་འཇམ་དཔྱད་ཁོངས་སུ་དུགས་དང་བྱུག་པ་གཉིས་ཀྱི་ལག་ལེན་སློབ་ཁྲིད་དང་རྒྱུགས་སྤྲོད་རྗེས་ལག་འཁྱེར་གསོལ་བསྩལ་གནང་ཡོད། རྒྱས་པར་གཟིགས་་

འཇམ་དབྱངས་ཀྱི་རྗེས་གནང་བཀྲིན་བསྩལ།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། བོད་རིགས་ན་གཞོན་གཙོས། འཛམ་གླིང་རྒྱལ་ཁབ་ ༦༢ ནས་དད་ལྡན་ཆོས་ཞུ་བ་ཆེད་ཕེབས་སྟོང་ཕྲག་བརྒལ་བ་རྣམས་ལ་འཕགས་པ་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀྲིན་བསྩལ་ཡོད། དེ་དུས་མཐོ་སློབ་ཁག་གཞན་དང་ལྷན་དུ་འདི་ག་སྨན་རྩིས་མཐོ་སློབ་ཁང་གི་དགེ་སློབ་རྣམས་ཀྱང་མཉམ་ཞུགས་གནང་ཡོད། རྒྱས་པར་གཟིགས་་

ཅོན་ཏ་རར་སྔོ་སྨན་འདེབས་ལས་སོགས་ཀྱི་ཟབ་སྦྱོང་ལེགས་གྲུབ།

འགྲོ་ཕན་སྨན་རྩིས་ཁང་སྔོ་སྨན་འདེབས་ལས་སྡེ་ཚན་གྱི་གོ་སྒྲིག་དང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་སྡེ་ཚན་ལམ་སྟོན་བརྒྱུད་ཉིན་གསུམ་རིང་ཅོན་ཏ་ར་འགྲོ་ཕན་སྨན་རྩིས་ཁང་དུ་གསོ་རིག་སྔོ་སྨན་དང་ཤིང་སྨན་འདེབས་འཛུགས། སྟོན་འབྲས་བསྡུ་ཐབས་དང་མཁོ་སྒྲུབ་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད། རྒྱས་པར་གཟིགས་་

ཁ་ལོ་བའི་ས་མིག་གསལ་བསྒྲགས།

འགྲོ་ཕན་སྨན་རྩིས་ཁང་དུ་སྣུམ་འཁོར་ཆེ་ཆུང་གང་རུང་གཏོང་མཁན་ཁ་ལོ་བ་གཅིག་གི་ས་མིག་གསར་པ་འཐོན་པར། ཆ་རྐྱེན་ལྡན་པའི་བོད་རིགས་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ནས། འགྲོ་ཕན་སྨན་རྩིས་ཁང་གི་ལས་ཀའི་ཞུ་སྙན་འགེངས་ཤོག་འཐུས་ཚང་བཀང་སྟེ་ཟླ་ ༧ ཚེས་ ༢༡ འགྱངས་མེད་བསྐུར་གནང་དགོས། རྒྱས་པར་གཟིགས་་

དགུ་སྟོན་བརྟན་བཞུགས་ངེས་པའི་གསལ་བསྒྲགས།

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༡ བོད་ཤིང་འབྲུག་ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་ལོར། འགྲོ་ཕན་སྨན་རྩིས་ཁང་གི་གཙོས། གཞུང་ཞབས་ཟུར་པ་དང་། སྐུ་སྲུང་ཟུར་པའི་མཐུན་གྲོགས་བཅས་ཀྱིས་དགུ་སྟོན་བརྟན་བཞུགས་དབུལ་རྒྱུ་ཐུགས་གཏན་འཁེལ་ཡོད། དེ་དང་འབྲེལ་བའི་འགྲོ་ཕན་སྨན་རྩིས་ཁང་འཛིན་སྐྱོང་གི་གསལ་བསྒྲགས་རྒྱས་པ་ཤིག་གཟིགས།

རྒྱས་པར་གཟིགས་་

མངའ་སྡེའི་སྲིད་སྐྱོང་མཆོག་གི་ཕྱག་རྩར་བརྟག་སྟེ་ཁ་དམར་གདགས་པ།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༩ ཉིན་འགྲོ་ཕན་སྨན་རྩིས་ཁང་གི་སིམ་ལ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་བྱམས་པ་དབང་མོ་ལགས་དང་། སིམ་ལ་ས་གནས་འགོ་འཛིན་ཚེ་རིང་ཕུན་ཚོགས་ལགས་རྣམ་གཉིས་ཧིམཱཅཱལ་མངའ་སྡེའི་སྲིད་སྐྱོང་ Shiv Pratap Shukla མཆོག་ལ་ཕྱག་རྩ་གཟིགས་ཤིང་སྨན་པས་ཁ་དམར་གདགས་པར་དགྱེས་ཚོར་ཆེན་པོ་བྱུང་འདུག རྒྱས་པར་གཟིགས་་

ལྷོ་ཨ་རིར་སྨན་རྩིས་སྐོར་སྐྱོད་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༡ ནས་ཟླ་ ༥ ཚེས་ ༢༩ བར་ཁྱོན་ཉིན་གྲངས་སོ་དགུའི་རིང་འགྲོ་ཕན་སྨན་རྩིས་ཁང་གི་སྨན་པ་ལྷུན་གྲུབ་རྡོ་རྗེ་ལགས་དང་། སྐར་རྩིས་པ་ངག་དབང་རྡོ་རྗེ་ལགས་གཉིས་ཀྱིས་ལྷོ་ཨ་རི་ Brazil རྒྱལ་ཁབ་ཀྱི་ས་གནས་ཁག་ལྔ་ཙམ་ལ་སྨན་རྩིས་སྐོར་སྐྱོད་ལས་གཞི་སྤེལ་གནང་ཡོད། རྒྱས་པར་གཟིགས་་

བྱང་ཐང་ཁུལ་དུ་སྨན་སྐོར་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༨ ནས་ཟླ་ ༥ ཚེས་ ༡༠ བར་བདུན་ཕྲག་གཉིས་ཙམ་རིང་འགྲོ་ཕན་སྨན་རྩིས་ཁང་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ Ladakh Autonomous Hill Development Council (LAHDC) གཉིས་ནས་མཉམ་སྦྲེལ་ཐོག་ལ་དྭགས་བྱང་ཐང་ས་ཁུལ་ཁག་དགུ་ལ་སྨན་སྐོར་གྱི་ལས་གཞི་ཞིག་སྤེལ་གནང་ཡོད། རྒྱས་པར་གཟིགས་་

བུདྡྷ་བནཾ་སྐྱེད་མོས་ཚལ་དུ་སྨན་སྐོར་བྱས།

རྒྱ་གར་ལྷོ་ཕྱོགས་ཏེ་ལཾ་གཱ་ནཱ་མངའ་སྡེ་གཞུང་གིས་ནཱགཱརྫུན་སཱགར་གྱི་ཀྲྀཥྞཱ་གཙང་ཆུའི་བྱང་ཕྱོགས་ངོགས་སུ། Buddhavanam བུདྡྷ་བནཾ་(སངས་རྒྱས་ཀྱི་སྐྱེད་ཚལ་)ཞེས་ནང་པ་སངས་རྒྱས་པ་དང་འབྲེལ་ཆགས་པའི་སྐྱེད་མོས་ཚལ་བྱིན་ཅན་ཡིད་དུ་འོང་བ་ཞིག་འཛུགས་སྐྲུན་གནང་ཡོད། རྒྱས་པར་གཟིགས་་

རིག་གཞུང་འགན་འཛིན་གསར་རྙིང་འཕོ་འགྱུར།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣ སྔ་དྲོ་འགྲོ་ཕན་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་ལས་ཁུངས་སུ། རིག་གཞུང་འགན་འཛིན་གསར་རྙིང་འཕོ་འགྱུར་གྱིས་སྨན་རམས་པ་བློ་བཟང་བཟོད་པ་མཆོག་དེ་རིང་དོངས་སུ་ལས་གནས་གསར་པར་ཐུགས་འགན་བཞེས་གནང་བར་སྤྱི་ཁྱབ་འགན་འཛིན་གཙོས་སྡེ་ཚན་ཁག་གི་འགན་འཛིན་ཡོངས་ནས་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་། རྒྱས་པར་གཟིགས་་

བོད་ཀྱི་ཐེབས་རྩ་ཁང་ལ་ཐུགས་རྗེ་ཆེ་ཞུ།

འགྲོ་ཕན་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་ནས་དུས་རབས་དང་མཐུན་པའི་གོམ་པ་མདུན་སྐྱོད་ཀྱིས་དགོས་མཁོ་གཞིར་བཟུང་ཐུམ་སྒྲིལ་འཕྲུལ་འཁོར་ Miniblis Packaging machine གསར་པ་ཞིག་མངགས་ཆ་ཞུས་པ་དེ་ཉེ་ཆར་ལག་སོན་བྱུང་ཡོད། དེ་བཞིན་ས་གནས་ཅོན་ཏ་ར་དང་ལ་དྭགས་སུ་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་དང་།  རྒྱས་པར་གཟིགས་་

ཤིང་སྨན་མཐུད་སྦྱོར་གྱི་ཐབས་ལམ་ཟབ་སྦྱོང་།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༧ ཉིན་འགྲོ་ཕན་སྨན་རྩིས་ཁང་གི་ས་མཐོའི་སྔོ་སྨན་འདེབས་ལས་སྡེ་ཚན་དང་། ཧིམཱཅལ་མངའ་སྡེ་ས་གནས་སོ་ལན་གྱི་སྐྱེད་ཚལ་རིག་པ་དང་ཤིང་ནགས་འདེབས་ལས་གཙུག་ལག་སློབ་གཉེར་ཁང་གི་ Dr. Y. S. Parmar མཆོག་གི་གཟིགས་སྐྱོང་འོག རྒྱས་པར་གཟིགས་་

སྨན་རྩིས་གློག་རྡུལ་འཕྲུལ་དེབ་ཚོང་སྒྱུར་བྱ་རྒྱུ།

འགྲོ་ཕན་སྨན་རྩིས་ཁང་ནས་པར་སྐྲུན་ཞུས་པའི་བོད་ཀྱི་སྨན་རྩིས་རིག་པའི་དཔེ་དེབ་བརྒྱ་ཕྲག་ལྷག་ཡོད་པ། ད་ཆ་དེང་རབས་སྤྱི་ཚོགས་ཀྱི་ཀློག་པ་པོ་ལ་མཁོ་བའི་གློག་རྡུལ་འཕྲུལ་དེབ་ངོ་བོར་ཚོང་སྒྱུར་གྱི་མཐུན་རྐྱེན་སྐྲུན་ཡོད་ན། དོན་གཉེར་ཅན་རྣམས་ནས་གཤམ་གྱི་སྦྱར་རིས་ལ་ཐུགས་ཞིབ་ཡོང་བར་ཞུ། རྒྱས་པར་གཟིགས་་

འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ྋརྒྱལ་དབང་སྐུ་ཕྲེང་ ༡༣ པ་ཆེན་པོས་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༧ དང་། ྋརྒྱལ་དབང་སྐུ་ཕྲེང་ ༡༤ པ་ཆེན་པོས་བཞུགས་སྒར་དྷ་སར་འགྲོ་ཕན་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ནས་ལོ་ངོ་ ༦༢ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་ཚོགས་གནང་སོང་། རྒྱས་པར་གཟིགས་་

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་བ་ལྷ་དང་བཅས་པའི་སྐྱབས་མགོན་འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག  དེ་རིང་བོད་རྒྱལ་ལོ་༢༡༥༠ ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན་འདི་ག་མཐོ་སློབ་ཚོགས་ཁང་དུ།
རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།