སྨན་རྩིས་དྲ་བ། - མདུན་ངོས།

སྣེ་ཤན་སྐུ་ཚབ་གསར་པ་ལྟ་སྐོར་དུ་ཕེབས་པ།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༧ ཉིན་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་ནས་དྷ་སར་རྟེན་གཞི་རྒྱ་གར་གཞུང་གི་ཕྱི་དྲིལ་ལས་ཁུངས་ཀྱི་སྣེ་ཤན་སྐུ་ཚབ་གསར་པ་སྐུ་ཞབས་དིཔཀ་པདྨ་ཀུམཱར་ (Mr. Deepak Padmakumar) ལགས་དང་། སྐུ་ཚབ་རྙིང་པ་ཨབྷིམནྱུ་གཧལོཏ་ (Mr. Abhimanyu Gahlaut ) ལགས་རྣམ་གཉིས་ལ་གུང་ཚིགས་སྣེ་ལེན་ཞུས་ཡོད། རྒྱས་པར་གཟིགས་་

འགན་འཛིན་མཆོག་གིས་གསོ་རིག་རྒྱལ་ཡོངས་ཟབ་སྦྱོང་དུ་གཏམ་བཤད་གནང་།

ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༩ ནས་ ༢༧ བར་སྨན་རྩིས་ཁང་གི་སྐོུ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་ཀ་རྡོར་སྒང་གསུམ་ཁུལ་གྱི་སྨན་རྩིས་ཡན་ལག་སྨན་ཁང་ཁག་ཏུ་འཚམས་གཟིགས་དང་སྦྲགས་སྒང་ཏོག་ཏུ་རྒྱལ་ཡོངས་གསོ་རིག་ཟབ་སྦྱོང་ཐེངས་དང་པོའི་སྟེང་གཏམ་བཤད་གལ་ཆེན་ཞིག་ཀྱང་གནང་ཡོད།  རྒྱས་པར་གཟིགས་་

སྤྲེལ་འབྲུམ་ནད་དུག་ངོ་སྤྲོད་མདོ་ཙམ།

ཕྱི་ལོ་ ༢༠༡༩ ནས་ཏོག་དབྱིབས་གཉན་རིམས་ ༡༩ ཞེས་པའི་ནད་དུག་གསར་པ་འགོས་ཁྱབ་བྱུང་ཏེ་འགྲོ་བ་མིའི་བདེ་ཐང་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་ལ་བར་བགེགས་བཟོས་དང་བཟོ་མུས་སུ་མཆིས་པའི་གནས་ཚུལ་འདི་མཚམས་མ་ཆད་གོང་ནས་ནད་དུག་གཞན་ཞིག་ཨ་ཧྥེ་རི་ཀ་དང་ཡོ་རོབ་གླིང་ནས་འགོ་ཚུགས་སྟེ་འགོས་ཁྱབ་འབྱུང་བཞིན་པ་སྟེ། རྒྱས་པར་གཟིགས་་

མངའ་སྡེ་ཨཱཡུཥ་སྡེ་འགན་གཞོན་པ་ལྟ་སྐོར་དུ་ཕེབས།

སྨན་རྩིས་ཁང་གི་ཐད་སྤྱོད་སྨན་གྱི་སྡེ་ཚན་དང་སྨན་སྦྱོར་ཁང་གཉིས་ནས་དྷ་ས་སྨན་རྩིས་ཁང་དང་ཅོན་ཏ་ར་སྨན་སྦྱོར་ཁང་དུ་ལྟ་སྐོར་ཆེད་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་ཨཱཡུཥ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ Dr. Surender Sharma མཆོག་དམིགས་བསལ་གདན་འདྲེན་ཞུས་པ་ལྟར། འདི་ལོའི་ཟླ་ ༤ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་ཆེད་ཕེབས་གནང་ཡོད།  རྒྱས་པར་གཟིགས་་

སྨན་པ་ཟུར་པ་རྣམས་ཨཡུཥ་ལྷན་ཁང་འོག་དེབ་སྐྱེལ་ཆེད།

སྨན་རྩིས་ཁང་གི་སྨན་པ་ཟུར་པ་རྣམས་ལ་ཞུ་རྒྱུ། རྒྱ་གར་དབུས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་ལམ་སྟོན་ལྟར། སྲོལ་རྒྱུན་སྨན་གྱི་བརྟག་དཔྱད་སྨན་པ་རྣམས་ཨཱ་ཡུ་ཥའི་ལྷན་ཁང་འོག་དེབ་སྐྱེལ་ཆེད་རྒྱ་གར་ནང་ཡོད་པ་ཚོས་ Form A དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པ་ཚོས་ Form B བཀང་གནང་ནས་སྨན་རྩིས་ཁང་གི་གློག་འཕྲིན་ཁ་བྱང་ dapa@men-tsee-khang.org དུ་ཟླ་ ༤ ཚེས་ ༡༥ འགྱངས་མེད་བཀུར་གནང་ཡོང་བ་ཞུ། རྒྱས་པར་གཟིགས་་

ཞབས་ལོ་༣༠ དང་༢༠ སོན་པ་ཁག་གི་ངོ་སྤྲོད།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་དྷ་ས་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་སྐབས། སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ཉིད་ཀྱི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ སོན་པ་བཞི་དང་། ཞབས་ལོ་ ༢༠ ལོན་པའང་བཞི་བྱུང་ཡོད། རྒྱས་པར་གཟིགས་་

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག   དེ་རིང་བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ལྷ་དཀར་དགེ་བའི་ཉིན་འདི་ག་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་ནང་སྨན་རྩིས་ཁང་གི་སྒྲིག་འཛུགས་དབུ་བརྙེས་ནས་་་། རྒྱས་པར་གཟིགས་་

སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་དུ་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་མི་ལོ་ ༦༡ འཁོར་བ་དང་། དེ་བཞིན་ྋརྒྱལ་དབང་ྋསྐུ་ཕྲེང་ ༡༣ ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༦ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་སོང་། རྒྱས་པར་གཟིགས་་

སྨན་རྩིས་ཁང་དུ་གཟིགས་ཞིབ་ཆེད་ཕེབས།

ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་རྒྱལ་ས་དིལླི་ནས་རྒྱ་གར་དབུས་གཞུང་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་ཡུ་ནཱ་ནི་དང་། སིདྡྷ། གསོ་བ་རིག་པའི་ཚོགས་ཆུང་གི་ཚོགས་གཙོ་ Dr. K. Jagannathan ལགས་དང་། དེ་བཞིན་དེ་གའི་ཀུན་སྤྱོད་དང་དེབ་སྐྱེལ་ཚོགས་ཆུང་གི་ཚོགས་གཙོ་ Mr. Vaidya Rakesh Sharma ལགས་རྣམ་གཉིས་སྨན་རྩིས་ཁང་དུ་་་། རྒྱས་པར་གཟིགས་་

དབུ་འཛིན་ཚེ་རིང་བཀྲིས་མཆོག་ལ་གསོལ་རས་བསྩལ།

ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༢ ཉིན་སྨན་རྩིས་ཁང་ཚོགས་ཁང་ནང་དུ་སྨན་རྩིས་ཁང་འགན་འཛིན་སྐུ་ངོ་ཚེ་རིང་བཀྲ་ཤིས་གང་ལ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། ཐུབ་དབང་གི་སྐུ། མཇལ་དར་བཅས་གསོལ་རས་བསྩལ་བ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་ལགས་་་།
རྒྱས་པར་གཟིགས་་

བྱང་ཨ་རིར་སྐུ་ཚབ་སྨན་པ་བསྐོ་བཞག་སྐོར།

ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡ ནས་སྨན་པ་ངག་དབང་ཆོས་གྲགས་ལགས་སྐུ་ཚབ་སྨན་པར་བསྐོ་བཞག་ངེས་པ་བཞིན། སྨན་ཁང་གསར་པའི་འབྲེལ་གཏུགས་ཞུ་ཡུལ་ཁ་བྱང་དང་། ཞལ་པར་ཨང་གྲངས། སྨན་ཁང་སྒོ་ཕྱེ་དུས་ཚོད་བཅས་གཤམ་གསལ་ལྟར་ཡིན་པས་ཚང་མས་དགོངས་འཇགས་འཚལ། རྒྱས་པར་གཟིགས་་

ཨོ་མི་ཀོ་རོན་ངོ་སྤྲོད་མདོ་ཙམ།

ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་(WHO)སུ་ལྷོ་ཨ་ཧྥི་རི་ཀ་ནང་ཏོག་དབྱིབས་གཉན་རིམས་རྣམ་གྱུར་ཨང་ B.1.1.529 གསར་ཐོན་བྱུང་བ་སྙན་འབུལ་ཞུས་འདུག ༢༠༢༡ ཟླ་ ༡༡ ཚེས་ ༢༦ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཏོག་དབྱིབས་ནད་འབུ་གསར་པ་དེར་ཨོ་མི་ཀོ་རོན་ (Omicron) ཞེས་ཐ་སྙད་གསར་དུ་བཏགས།  རྒྱས་པར་གཟིགས་་

མོན་རྟ་དབང་ཁུལ་སྨན་སྐོར་ཐེངས་གསུམ་པ།

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༧ ཉིན་ཨརུཎཱཅལ་མངའ་སྡེའི་རྟ་དབང་རྫོང་ཁོངས་པདྨ་མཁར་གྲོང་གསེབ་ས་གནས་སུ་རིན་མེད་སྨན་སྐོར་ཞབས་འདེགས་ཞུས་ཡོད། དེར་ནད་པ་ ༤༧ ལ་བརྟག་དཔྱད་སྨན་བཅོས་ཞུས་པས་སྨན་རིན་ཧིན་སྒོར་ ༡༨༨༨༠ ཙམ་སོང་བ་སྟོད་འཚོ་གསུམ་གྱི་བདེ་དོན་ཚོགས་ཆུང་ (WATS) དང་རྟ་དབང་ཡན་ལག་སྨན་རྩིས་ཁང་ཟུང་འབྲེལ་ཐོག་འགྲོ་གྲོན་བཏང་གནང་ཡོད། རྒྱས་པར་གཟིགས་་

ཝཱ་ཎ་ཁུལ་དུ་ཤེས་ཡོན་ལྟ་སྐོར་ལེགས་གྲུབ།

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ ནས་ ༨ བར་སྨན་རྩིས་ཁང་ནས་མི་སྣ་དྲུག་ལས་གྲུབ་པའི་ཚོགས་ཆུང་ཞིག་ཨུཏྟར་པྲདེཤ་མངའ་སྡེར་རྟེན་གཞི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་། དེ་བཞིན་བནཱརས་ཧིཾདཱུ་གཙུག་ལག་སློབ་གྲྭ་ཆེན་མོ། རྒྱ་གར་རྒྱལ་ཡོངས་ཚེ་ཡི་རིག་བྱེད་སློབ་གཉེར་ཁང་བཅས་སུ་བསྐྱོད། རྒྱས་པར་གཟིགས་་

གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་ཞུས།

འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་(World AIDS Day)དེ་བཞིན་ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ཡུལ་ལུང་ཀུན་ལ་སྲུང་བརྩི་ཞུ་སྲོལ་ཡོད། འདི་ལོའི་ཉིན་དེར་བཞུགས་སྒར་ཁུལ་དུ་སྨན་རྩིས་ཁང་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས། བདེ་ལེགས་སྨན་ཁང་། ཀུན་ཕན་ནད་གསོ་ཁང་། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ལྔ་མཉམ་རུབ་ཐོག རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།