སྨན་རྩིས་དྲ་བ། - སྣ་ཚོགས།

བདེ་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།

དེ་ཡང་འོ་སྐོལ་སྙིགས་མའི་འགྲོ་བ་རྣམས་ལ་ལྷག་པར་ཐུགས་རྗེ་ཆེ་བ་བཅོམ་ལྡན་འདས་སྨན་གྱི་བླ་བདེ་བར་གཤེགས་པ་བརྒྱད་ཀྱི་མཆོད་པའི་ཆོག་འདི་ལ་ཡིད་ཆེས་ཤིང་ཁུངས་བཙུན་པ་ལོ་རྒྱུས། དད་པ་བསྐྱེད་པར་བྱ་བའི་ཕྱིར་ཕན་ཡོན། མདོ་སྔགས་ཀྱི་ཁྱད་པར་དང་ལོག་རྟོག་གི་བསྣད་བཞུགས་པ་རྣམས་ལ་དཔྱད་དེ་འཁྲུལ་བ་བསལ་བ། ཉམས་སུ་བླང་བྱའི་ཆོ་ག་དངོས་བཤད་པ་དང་བཞི་ལས། རྒྱས་པར་གཟིགས་་

ཡན་ལག་བརྒྱད་པའི་སྙིང་པོ་བཞུགས་སོ།།

༄༅། །རྒྱ་གར་སྐད་དུ། ཨཥྚ་ཨངྒ་ནཱམ་ཧྲིདཡ། བོད་སྐད་དུ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད། །རྒྱུན་དུ་འབྲེལ་བས་ལུས་ཀུན་མ་ལུས་ཁྱབ། །འདོད་དང་ཁྲོ་བ་མ་ལུས་སེལ་བ་ཡི། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ།།

རྒྱས་པར་གཟིགས་་

ཁོག་དབུག་ཁྱུང་ཆེན་ལྡིང་བ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།    གསོ་བ་རིག་པའི་བཀའ་བསྟན་བཅོས་ཐམས་ཅད་འདི་ནས་གསལ་བར་སྟོན་པས་ན་གསོ་བ་རིག་པའི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པའི་ཆེ་བ། ༡ སྨན་དཔྱད་ཀྱི་རྒྱུད་གཞན་ཐམས་ཅད་ཟིལ་གྱིས་གནོན་པས་ན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པའི་ཆེ་བ། རྒྱས་པར་གཟིགས་་

དཔྱད་མཆོག་གཏར་གའི་གདམས་པ།

ཡེ་ཤེས་མཆོག་གི་ཆུ་གཏེར་ལས་འཁྲུངས་སྟོབས་བཅུའི་བདུད་རྩི་མི་ཟད་གཏེར།། སྲིད་འདིར་ཉམ་ངའི་ནད་ཚོགས་ཞི་བ་བླ་ན་མེད་པའི་སྨན་གྱི་རོ།། ཅི་དགར་བསྩོལ་མཛད་ཕན་བདེའི་ནོར་བུ་སྐྱེ་དགུའི་གཙུག་གི་ཅོད་པན་དུ།། འགོད་མཁས་ཚེ་ཡི་རིག་པ་འཛིན་པ་ཡོངས་ཀྱི་ཤིང་རྟ་བི་ཇིའི་བརྒྱུད་བཅས་བསྔགས།། རྒྱས་པར་གཟིགས་་

མེ་བཙའི་གདམས་པ་རྒྱས་སྤྲོས།

ལྷར་བཅས་འཇིག་རྟེན་ཀུན་གྱིས་བཏེགས་པའི་ཁྲིར།།    སྐྱིལ་ཀྲུང་གཅིག་གིས་བདུད་སྡེའི་དཔུང་བཅོམ་ཞིང་།། མི་ཟད་སྣང་འོད་བརྒྱ་པའི་ལམ་སྟོན་མཁན།།   སྨན་རྒྱལ་ཡོན་ཏན་མགོན་དེ་ཡིད་མཚོར་གསལ།། མ་རིག་དུག་གསུམ་ཉེས་པའི་འཁྱགས་སྦུགས་སུ།།   ཞུགས་པའི་རྣམ་མང་ལ་བརྕེའི་ཚ་བའི་ཟེར།། འབུམ་ཕྲག་འབྱིན་(སྦྱིན་)བྱེད་ཞུགས་དཔྱད་མཐའ་ཡས་ལས།།  སྙིང་པོ་ཉུང་བསྡུས་རྒྱུད་ཀྱི་མེ་ཐིག་སྟེ།། དེ་ལས་ཅུང་ཟད་རྒྱས་སྤྲོས་མཛུབ་ཚུགས་སུ།།  གསལ་སྟོན་ཤེལ་དཀར་མེ་ལོང་གསར་པ་ཞིག། འཚོ་མཛད་ཡིད་གཞུངས་འཚོ་བྱར་བཅས་པ་ཡི།། བསོད་ནམས་མགྲོན་དུ་དེ་རིང་ཁོ་བོས་འགུགས།། རྒྱས་པར་གཟིགས་་

རྒྱུད་བཞིའི་པར་རྩ་ཁག་གི་པར་བྱང་།

ཡར་རྒྱབ་ཆོས་ཀྱི་རྒྱལ་པོའི་རྒྱལ་རྔ་དེ། །བློ་གྲོས་རྒྱལ་པོའི་དབྱུག་གུས་བསྐུལ་བའི་ཚེ། །གསོ་རིག་བསྟན་པའི་ལོ་ཏོག་རྒྱས་བྱེད་པའི། །མི་ཟད་ཆོས་ཀྱི་ཆར་བ་འདི་བབ་པོ།།

རྒྱས་པར་གཟིགས་་

སློབ་དཔོན་ཀླུ་སྒྲུབ་ཀྱི་ཀླུའི་གདོན་ཁྲོལ།

༅༅། །ནམོ་གུ་རུ་བྷེ། སློབ་[དཔོན་]ཀླུ་སྒྲུབ་སྙིང་པོའི་(པོས་)མཛད་པའི་ཀླུའི་གདོན་ཁྲོལ་གྱི་ཆོ་ག་ནི། ཕུད་མ་ཉམས་པས་ཞིག་ལ། ཀླུའི་རྒྱལ་པོ་ཝ་ར་ཎའི་གཟུགས་སྟོད་མིའི་ལུས་ལ་བླིང་མགོ་ཅན། སྨད་སྦྲུལ་འཇུག་(མཇུག་)འཁྱིལ་བ་ཞིག་བྱ། དེའི་མཐར་ཀླུའི་སྐྱེས་པ་དང་། བུད་མེད་དང་། ཁྱིའུ་(ཁྱེའུ་)བུ་དང་། བུད་མའི་(མེད་)གཟུགས་བཞི་བྱའོ། །དེ་རྣམས་ཟངས་གཞུང་ནང་དུ་བསོགས།

རྒྱས་པར་གཟིགས་་

གཞིའི་སྐུ་གསུམ་ལམ་འཁྱེར་རབ་གསལ་སྒྲོན་མེ།

རགས་པ་ཉེར་ལྡ་ཐིམ་པའི་སྒོ་ནས་འཆི་རིམ་བཤད་པ་དང་། རྣམ་ཤེས་ཇི་ལྟར་འཕོ་ཚུལ་དང་བར་དོ་བའི་ལུས་ཇི་ལྟར་འགྲུབ་ཚུལ། དེ་ནས་བར་དོ་བ་དེས་སྐྱེ་གནས་སུ་སྐྱེ་བ་ལེན་པའི་ཚུལ། སྒོ་གང་ནས་མངལ་དུ་འཇུག་པ། མངལ་དུ་ལུས་རིམ་གྱིས་འཕེལ་ཚུལ། རྩ་རླུང་ཐིག་ལེ་ཆགས་ཚུལ་བསྟན་ཡོད། རྒྱས་པར་གཟིགས་་

དངུལ་ཆུ་གྲུབ་པའི་བསྟན་བཅོས།

རྒྱ་གར་སྐད་དུ། རས་ཤཱསྟྲ་སིདྡྷི་ནཱམ། བོད་སྐད་དུ། དངུལ་ཆུ་གྲུབ་པའི་བསྟན་བཅོས་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ཐམས་ཅད་སྦྱིན། །ཞི་བ་དཔལ་དང་ལྡན་པའི་གཟུགས། །ཕ་རོལ་གཅེས་པར་བྱེད་པའི་མཆོག །ལོངས་སྤྱོད་རྣམ་པར་གྲོལ་ལ་འདུད། །དཔལ་ལྡན་མགོན་པོའི་དབང་ཕྱུག་ལའོ། །དངོས་པོ་དངོས་པོ་མེད་པར་གྲོལ། །མཐོང་དང་མ་མཐོང་མེད་པ་ཡི། །ལོངས་སྤྱོད་གྲོལ་བ་རྣམ་པར་སྟེར། །དཔལ་གྱི་དབང་ཕྱུག་ཕྱག་འཚལ་བསྟོད། རྒྱས་པར་གཟིགས་་

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།

 ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམ་དུས་ནི་དྲུག །ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད།  །གསུམ་གསུམ་དུ་ནི་ཚིག་རྣམས་དུས་སྟོན་ཤེས། །ཟླ་བ་གཉིས་གཉིས་ཤིང་གི་དུས་སུ་བསྟན། །ཟས་དང་སྐོམ་ནི་དེ་ལྟར་འཇུ་བར་འགྱུར།  རྒྱས་པར་གཟིགས་་

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས།

དཔལ་བདེ་བ་ཆེན་པོ་[ལ་]ཕྱག་འཚལ་ལོ། །སྤ་(སྦ་)ལྕག་མཚམས་གསུམ་ལྡན་པའི་དབྱུག་པ་ནི། །དྲི་ཞིམ་ཆུས་བཀྲུ་འབྲུ་གསུམ་བཀོད། །སྣོད་བཟང་འབྲུས་བཀང་སྟེ་བཞག་ནས། །བསྐྱོབ་(སྐྱོབ་)པ་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གཞུག །མཆོད་གཏོར་ཚོགས་ཀྱི་འཁོར་ལོ་དབུལ། །གསོལ་གདབ་བདེན་པའི་བྱིན་རླབས་བརྗོད།། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།