༄༅། །གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌྰུར་སྔོན་པོའི་མལླིཀ་
ཞེས་བྱ་བ་བཞུགས་སོ།།
དང་པོ། རྩ་བའི་རྒྱུད།
༡ |
༤ |
||
༢ |
༥ |
||
༣ |
༦ |
གཉིས་པ། བཤད་པའི་རྒྱུད།
༡ |
༡༢ |
༢༣ |
|||
༢ |
༡༣ |
༢༤ |
|||
༣ |
༡༤ |
༢༥ |
|||
༤ |
༡༥ |
༢༦ |
|||
༥ |
༡༦ |
༢༧ |
|||
༦ |
༡༧ |
༢༨ |
|||
༧ |
༡༨ |
༢༩ |
|||
༨ |
༡༩ |
༣༠ |
|||
༩ |
༢༠ |
༣༡ |
|||
༡༠ |
༢༡ |
|
|
||
༡༡ |
༢༢ |
|
|
གསུམ་པ། མན་ངག་རྒྱུད།
༡ |
༣༢ |
༦༣ |
|||
༢ |
༣༣ |
༦༤ |
|||
༣ |
༣༤ |
༦༥ |
|||
༤ |
༣༥ |
༦༦ |
|||
༥ |
༣༦ |
༦༧ |
|||
༦ |
༣༧ |
༦༨ |
|||
༧ |
༣༨ |
༦༩ |
|||
༨ |
༣༩ |
༧༠ |
|||
༩ |
༤༠ |
༧༡ |
|||
༡༠ |
༤༡ |
༧༢ |
|||
༡༡ |
༤༢ |
༧༣ |
|||
༡༢ |
༤༣ |
༧༤ |
|||
༡༣ |
༤༤ |
༧༥ |
|||
༡༤ |
༤༥ |
༧༦ |
|||
༡༥ |
༤༦ |
༧༧ |
|||
༡༦ |
༤༧ |
༧༨ |
|||
༡༧ |
༤༨ |
༧༩ |
|||
༡༨ |
༤༩ |
༨༠ |
|||
༡༩ |
༥༠ |
༨༡ |
|||
༢༠ |
༥༡ |
༨༢ |
|||
༢༡ |
༥༢ |
༨༣ |
|||
༢༢ |
༥༣ |
༨༤ |
|||
༢༣ |
༥༤ |
༨༥ |
|||
༢༤ |
༥༥ |
༨༦ |
|||
༢༥ |
༥༦ |
༨༧ |
|||
༢༦ |
༥༧ |
༨༨ |
|||
༢༧ |
༥༨ |
༨༩ |
|||
༢༨ |
༥༩ |
༩༠ |
|||
༢༩ |
༦༠ |
༩༡ |
|||
༣༠ |
༦༡ |
༩༢ |
|||
༣༡ |
༦༢ |
|
|
བཞི་པ། ཕྱི་མ་རྒྱུད།
༡ |
༡༠ |
༡༩ |
|||
༢ |
༡༡ |
༢༠ |
|||
༣ |
༡༢ |
༢༡ |
|||
༤ |
༡༣ |
༢༢ |
|||
༥ |
༡༤ |
༢༣ |
|||
༦ |
༡༥ |
༢༤ |
|||
༧ |
༡༦ |
༢༥ |
|||
༨ |
༡༧ |
༢༦ |
|||
༩ |
༡༨ |
༢༧ |
དེ་ཡང་བོད་གངས་ཅན་གྱི་ཆོས་སྲིད་གཉིས་ཀྱི་མངའ་ཐང་ལ་སྐུ་དྲིན་གཞལ་དུ་མེད་པའི་མིའི་དབང་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི། བོད་གངས་ཅན་གྱི་བསྟན་སྲིད་སྤྱི་དང་སྒོས་སུ་གསོ་བ་རིག་པའི་བསྟན་དོན་ལ་བཀའ་དྲིན་གསབ་ཏུ་མེད་པའི་མཁས་པ་ཉག་གཅིག་པོ་དེ་ཡིན། ཁོང་གིས་གསོ་རིག་གཞུང་ལུགས་འདི་ཉིད་ལ་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་དམིགས་སུ་ལྷ་ས་ལྕགས་པོ་རིར་སྨན་པ་གྲྭ་ཚང་བཻཌཱུརྱ་འགྲོ་ཕན་ལྟ་ན་སྡུག་ངོ་མཚར་རིག་བྱེད་གླིང་ཞེས་པ་གསར་འཛུགས་གནང་བ་དང་། གསོ་རིག་ལོ་རྒྱུས་ཀྱི་ཐད་ལ་གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་དང་། ཉམས་ཡིག་ཏུ་མན་ངག་ལྷན་ཐབས་མཛད་པ། གཞུང་བཤད་དུ་བཻེ་ཌཱུརྱ་སྔོན་པོ་གསར་རྩོམ་གནང་བ་བཅས་ཀྱིས་གསོ་བ་རིག་པ་ལ་སྔར་མེད་ཀྱི་གཞི་རྐང་བརྟན་པོར་བཙུགས་ཐུབ་པ་བྱུང་བ་དང་། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞིའི་རྣམ་བཤད་བཻཌཱུརྱ་སྔོན་པོ་ནི་རྒྱུད་བཞིའི་འགྲེལ་ཆེན་གྲགས་ཆེ་བའི་ནང་ནས་ཡང་རྩེ་ལྟ་བུར་གཟུར་གནས་མཁས་པ་ཀུན་གྱིས་ཚད་མཐོའི་གདེང་འཇོག་གནང་བཞིན་པ་མ་ཟད། སྔར་སྲོལ་ལ་སློབ་གཉེར་ཁང་རྣམས་ཀྱི་རྩ་འཛིན་ཡིག་ཆའང་བྱེད་བཞིན་པ་རེད།
ལྷག་པར་དུ་རྗེ་གཡུ་ཐོག་པ་གསར་རྙིང་ནས་རིམ་པར་བྱུང་བའི་དཔལ་ལྡན་རྒྱུད་བཞི་ལ་ཆ་ཚང་བའི་རྣམ་བཤད་ཀྱི་འགྲེལ་བ་ཚད་ལྡན་ཞིག་བྱུང་བ་ནི་བཻ་ཌཱུརྱ་སྔོན་པོ་ཁོ་ན་ཡིན། དཔེར་ན། བྱང་བའི་རྒྱུད་བཞིའི་འགྲེལ་བ་ནི་བསྡུས་དྲགས་པ་དང་། སྐྱེམས་པའི་འགྲེལ་བ་ནི་རྩ་བཤད་རྒྱ་ཆེ་རུང་རྒྱུད་ཕྱི་མ་གཉིས་ལ་ས་བཅད་ཙམ་དང་། ཟུར་མཁར་བའི་མེས་ཞལ་ནི་ཕུན་སུམ་ཚོགས་པའི་འགྲེལ་ཆེན་ཞིག་ཏུ་འཁྲུངས་པར་རིགས་ཀྱང་སྤྱིའི་བསོད་ནམས་ཀྱི་རྒྱབ་ཀྱིས་མ་འཁྱོག་པར་རྩ་བཤད་ཙམ་ལས་རྩོམ་འཕྲོར་ལུས་པ་སོགས་དུས་ཀྱི་འཕེལ་རིམ་དང་ལོ་རྒྱུས་ཀྱི་བྱུང་རིམ་ཁྲོད་དུ་གསོ་བ་རིག་པའི་བསྟན་པ་འདི་ལ་ཆགས་འཇིག་ཉམ་ང་རིམ་པར་བྱུང་བའི་ཁྲོད། རླུང་དམར་ནང་གི་མར་མེ་བཞིན་སྲུང་སྐྱོབ་ཐུབ་པར་མཛད་རྗེས་བླ་ན་མེད་པ་བཞག་གནང་བ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཁོང་གི་བཻ་ཌཱུརྱ་སྔོན་པོ་གཉིས་ཡིན།
དེའི་ཐད་ལ་ཕྱོགས་ལྷུང་གི་དྲི་མས་གཞན་དབང་དུ་སོང་བའི་ཆོས་བརྒྱུད་ཁག་གི་ལྷ་རྗེ་དུ་མ་ཞིག་གིས་མི་དབང་སངས་རྒྱས་རྒྱ་མཚོ་དང་ཁོང་གི་བཻ་སྔོན་གཉིས་ལ་དྲང་ཚུགས་མ་ཡིན་པའི་གཏམ་ཡན་རླུང་གིས་བསྐུར་བ་འང་བྱུང་རབས་ཀྱི་ལོ་རྒྱུས་ནང་མང་ངོ་། །དཔེར་ན་གླིང་སྨན་བཀྲ་ཤིས་འབུམ་གྱིས་ཀྱང་ཚིག་མཚོན་གནང་འདུག་པ་དང་། ཡིན་ཡང་ཚིག་དོན་རེ་གཉིས་ཀྱི་འཁྲུལ་བ་ལ་བརྟེན་ནས་སྤར་མོས་ཉི་མ་སྒྲིབ་པར་འདོད་པ་ནི་ཅུང་མི་རིགས་ཏེ། སྡེ་སྲིད་མཆོག་གི་བཻ་སྔོན་གྱི་རྩ་བཤད་གཉིས་ནི་རྗེ་ཟུར་མཁར་བའི་མེས་ཞལ་གྱི་བུ་དཔེ་ལྟ་བུ་ཞིག་ཡིན་རུང་། རྒྱུད་ཕྱི་མ་མན་རྒྱུད་དང་ཕྱི་རྒྱུད་ཀྱི་རྣམ་བཤད་དང་། ཁྱད་པར་དུ་རྒྱུད་བཞི་ཚ་ཚང་བའི་རྣམ་བཤད་ཅིག་ནི་སྡེ་སྲིད་ནས་ཡར་བརྩིས་པའི་རྗེ་གཡུ་ཐོག་བར་དུ་མི་ལོ་དགུ་བརྒྱ་ཙམ་དང་། མར་ད་ལྟའི་བར་དུ་ལོ་ངོ་སུམ་བརྒྱ་ལྷག་ཏུ་འདི་ལྟ་བུའི་རྒྱུད་འགྲེལ་ཚད་ལྡན་ཅིག་ང་ཚོར་ལག་སོན་བྱུང་མེད་ལ། ཕྱིས་འབྱུང་ཡང་སྲིད་དཀའ་བའི་ལོ་རྒྱུས་ཀྱི་བདེན་དོན་དེ་ངེས་པར་དུ་ཁས་ལེན་བྱེད་དགོས།
ད་དུང་སྡེ་སྲིད་མཆོག་ནི་བྱ་བ་སྣ་མང་དང་ལོ་རྒྱུས་རྙོག་འཛིང་ཆེ་བའི་དུས་རབས་ཤིག་གི་གནས་བབ་ལས། གསོ་བ་རིག་པ་ལ་རིགས་གཅིག་མཁས་པར་གནང་བའི་བབ་རླིང་མཁས་པ་ཞིག་མ་ཡིན་བཞིན་དུ་ཕྱིས་འབྱུང་བོད་གངས་ཅན་པའི་སྤྱི་དོན་ལ་འདི་ལྟའི་ལག་རྗེས་འཇོག་གནང་མཛད་པ་ལ་ང་ཚོས་ངེས་པར་དུ་བཀའ་དྲིན་ལ་བསམ་ཤེས་བྱེད་དགོས་སོ། །
དེ་ཡང་ཁྲོ་རུ་ཚེ་རྣམ་གྱི་ཞལ་ནས་ཀྱང་། མི་བདག་ས་ཡི་ཚངས་པ་སཱ་རའི་ཞབས།།ལུགས་གཉིས་མཛད་པ་རྒྱ་མཚོའི་འདུ་ལོང་ཁྲོད།།ངོ་མཚར་བཻ་ཌཱུར་སྔོན་པོའི་བདུད་རྩིའི་ཆར།།གངས་ལྗོངས་སྐྱེ་འགྲོའི་དཔལ་དུ་བསྙིལ་དེ་བསྔགས།།ཞེས་གསུངས་པའང་དོན་དམ་མོ། །