སྨན་རྩིས་དྲ་བ། - དཔལ་ལྡན་རྒྱུད་བཞི།

༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ།།

 

དང་པོ། རྩ་བའི་རྒྱུད།

གླེང་གཞི།

ངོས་འཛིན་རྟགས།

གླེང་སློང་རྣམ་གྲངས་རྣམ་པར་བཀོད་པ།

གསོ་ཐབས།

གནས་ལུགས་ནད་གཞི།

དཔེ་དོན་རྣམ་གྲངས་རྣམ་པར་བཀོད་པ།

 

གཉིས་པ། བཤད་པའི་རྒྱུད།

སྡོམ་ཚིག་བསྟན་པ། 

༡༢

ནད་ཀྱི་དབྱེ་བ་བསྟན་པ། 

༢༣

མི་ན་བ་གནས་པར་བྱ་བ།

ལུས་ཀྱི་ཆགས་ཚུལ་བསྟན་པ།

༡༣

ཉིན་རེ་བཞིན་རྒྱུན་དུ་སྤྱོད་པ།

༢༤

ཉེས་པ་དངོས་སྟོན་བརྟག་པ།

ལུས་ཀྱི་འདྲ་དཔེ་བསྟན་པ། 

༡༤

དུས་སུ་སྤྱོད་པ། 

༢༥

ངན་གཡོ་སྐྱོན་གྱི་བརྟག་པ། 

ལུས་ཀྱི་གནས་ལུགས་བསྟན་པ། 

༡༥

གནས་སྐབས་ཀྱི་སྤྱོད་ལམ། 

༢༦

སྤང་བླང་མུ་བཞིར་བརྟག་པ། 

ལུས་ཀྱི་མཚན་ཉིད་བསྟན་པ། 

༡༦

ཟས་ཀྱི་ཚུལ་ཤེས་པར་བྱ་བ། 

༢༧

གསོ་ཚུལ་སྤྱིར་བསྟན་པ།

ལུས་ཀྱི་ལས་དང་དབྱེ་བ་བསྟན།

༡༧

ཁ་ཟས་བསྡམ་པ།

༢༨

ཁྱད་པར་གྱི་བཅོས་ཚུལ།

ལུས་ཀྱི་འཇིག་ལྟས་བསྟན་པ། 

༡༨

ཟས་བསྲུང་ཟས་ཚོད་རན་པར་བཟའ།

༢༩

གསོ་ཐབས་གཉིས་བསྟན་པ། 

ནད་ཀྱི་རྒྱུ་བསྟན་པ། 

༡༩

རོ་དང་ཞུ་རྗེས་བསྟན་པ། 

༣༠

གསོ་ཐབས་དངོས་བསྟན་པ།

ནད་ཀྱི་རྐྱེན་བསྟན་པ། 

༢༠

སྨན་གྱི་ནུས་པ་བསྟན་པ། 

༣༡

གསོ་བ་པོ་སྨན་པ།

༡༠

ནད་འཇུག་ཚུལ། 

༢༡

སྨན་གྱི་སྡེ་ཚན་དང་སྦྱར་ཐབས། 

 

 

༡༡

ནད་ཀྱི་མཚན་ཉིད་བསྟན་པ། 

༢༢

གཉེན་པོ་ཆ་བྱད་བསྟན་པ།

 

 


གསུམ་པ། མན་ངག་རྒྱུད།
 

མན་ངག་རྒྱུད་ཞུས་པ།

༣༢

ཁ་ནད་གསོ་བ།

༦༣

འབྲས་བཅོས་པ།

རླུང་ནད་གསོ་བ།

༣༣

ལྦ་བ་བཅོས་པ།

༦༤

གཞང་འབྲུམ་གསོ་བ།

མཁྲིས་ནད་བཅོས་པ།

༣༤

སྙིང་ནད་གསོ་བ།

༦༥

མེ་དབལ་བཅོས་པ།

བད་ཀན་ནད་བཅོས་པ།

༣༥

གློ་ནད་བཅོས་པ།

༦༦

སུར་ཡའི་ནད་བཅོས་པ།

འདུས་ནད་སྨུག་པོ་བཅོས་པ།

༣༦

མཆིན་ནད་གསོ་བ།

༦༧

རྨེན་བུ་བཅོས་པ།

མ་ཞུ་བ་བཅོས་པ།

༣༧

མཆེར་ནད་གསོ་བ།

༦༨

རླིག་རླུགས་གསོ་བ།

སྐྲན་ནད་བཅོས་པ།

༣༨

མཁལ་ནད་གསོ་བ།

༦༩

རྐང་བམ་གྱི་ནད་བཅོས་པ།

སྐྱ་རྦབ་བཅོས་པ།

༣༩

ཕོ་བའི་ནད་གསོ་བ།

༧༠

མཚན་བར་རྡོལ་བ་གསོ་བ།

འོར་ནད་བཅོས་པ།

༤༠

རྒྱུ་མའི་ནད་བཅོས་པ།

༧༡

བྱིས་པ་ཉེར་སྤྱོད་གསོ་བ།

༡༠

གཅོང་ཆེན་དམུ་ཆུ་བཅོས་པ།

༤༡

ལོང་ནད་གསོ་བ།

༧༢

བྱིས་པའི་ནད་གསོ་བ།

༡༡

གཅོང་ཆེན་ཟད་བྱེད་བཅོས་པ།

༤༢

ཕོ་མཚན་གྱི་ནད་གསོ་བ།

༧༣

བྱིས་པའི་གདོན་གསོ་བ།

༡༢

ཚ་བ་སྤྱི་བཅོས་པ།

༤༣

མོ་མཚན་གྱི་ནད་གསོ་བ།

༧༤

མོ་ནད་གཙོ་བོ་སྤྱི་བཅོས་པ།

༡༣

ཚ་གྲང་གལ་མདོ།

༤༤

སྐད་འགགས་གསོ་བ།

༧༥

མོ་ནད་བྱེ་བྲག་བཅོས་པ།

༡༤

ཚ་བའི་རི་ཐང་མཚམས།

༤༥

ཡི་ག་འཆུས་པ་གསོ་བ།

༧༦

མོ་ནད་ཕལ་པ་གསོ་བ།

༡༥

ཚ་བ་མ་སྨིན་པ་བཅོས་པ།

༤༦

སྐོམ་ནད་གསོ་བ།

༧༧

འབྱུང་པོའི་གདོན་གསོ་བ།

༡༦

རྒྱས་པའི་ཚ་བ་བཅོས་པ།

༤༧

སྐྱིགས་བུའི་ནད་གསོ་བ།

༧༨

སྨྱོ་བྱེད་ཀྱི་གདོན་གསོ་བ།

༡༧

སྟོངས་པའི་ཚ་བ་བཅོས་པ།

༤༨

དབུགས་མི་བདེ་བ་གསོ་བ།

༧༩

བརྗེད་བྱེད་ཀྱི་ནད་གསོ་བ།

༡༨

གབ་པའི་ཚ་བ་བཅོས་པ།

༤༩

གླང་ཐབས་བཅོས་པ།

༨༠

གཟའི་གདོན་ནད་གསོ་བ།

༡༩

ཚ་བ་རྙིངས་པ་བཅོས་པ།

༥༠

སྲིན་ནད་བཅོས་པ།

༨༡

གདུག་པ་ཀླུའི་གདོན་ནད་གསོ་བ།

༢༠

ཚ་བ་རྙོགས་པ་བཅོས་པ།

༥༡

སྐྱུགས་པའི་ནད་བཅོས་པ།

༨༢

རྨ་སྤྱིའི་གསོ་ཐབས་བསྟན་པ།

༢༡

འགྲམས་ཀྱི་ཚ་བ་བཅོས་པ།

༥༢

འཁྲུ་བའི་ནད་བཅོས་པ།

༨༣

མགོ་བོའི་རྨ་གསོ་བ།

༢༢

འཁྲུགས་ཀྱི་ཚ་བ་བཅོས་པ།

༥༣

དྲི་མ་འགགས་པ་གསོ་བ།

༨༤

སྐེའི་རྨ་གསོ་བ།

༢༣

རིམས་ཀྱི་ཚ་བ་བལ་ནད་བཅོས་པ།

༥༤

ཆུ་འགགས་གསོ་བ།

༨༥

བྱང་ཁོག་སྟོད་སྨད་གསོ་བ།

༢༤

འབྲུམ་པའི་རིམས་བཅོས་པ།

༥༥

གཅིན་སྙི་བའི་ནད་གསོ་བ།

༨༦

ཡན་ལག་གི་རྨ་གསོ་བ།

༢༥

རྒྱུ་གཟེར་གྱི་རིམས་བཅོས་པ།

༥༦

ཚད་པའི་འཁྲུ་བ་གསོ་བ།

༨༧

སྦྱར་བའི་དུག་བཅོས་པ།

༢༦

གག་ལྷོག་བཅོས་པ།

༥༧

དྲེག་ནད་གསོ་བ།

༨༨

གྱུར་པའི་དུག་བཅོས་པ།

༢༧

ཆམ་རིམས་བཅོས་པ།

༥༨

གྲུམ་བུའི་ནད་བཅོས་པ།

༨༩

རྒྱུ་བ་དང་མི་རྒྱུ་བའི་དུག་གསོ་བ།

༢༨

མགོ་ནད་གསོ་བ།

༥༩

ཆུ་སེར་གྱི་ནད་གསོ་བ།

༩༠

རྒས་པ་གསོ་བ་བཅུད་ལེན།

༢༩

མིག་ནད་བཅོས་པ།

༦༠

རྩ་དཀར་གྱི་ནད་བཅོས་པ།

༩༡

རོ་ཙ་བར་བྱེད་པ།

༣༠

རྣ་བའི་ནད་གསོ་བ།

༦༡

ལྤགས་པའི་ནད་གསོ་བ།

༩༢

བུ་མེད་པ་བཙལ་བ།

༣༡

སྣ་ནད་གསོ་བ།

༦༢

ཕྲན་བུའི་ནད་གསོ་བ།

 

 


བཞི་པ། ཕྱི་མ་རྒྱུད།

རེག་པ་རྩ་ལ་ནད་ངོས་བཟུང་བ།

༡༠

སྨན་ཆང་གི་སྡེ་ཚན་བསྟན་པ།

༡༩

སྦྱོངས་ཀྱི་ལོག་གནོན་རྩ་སྦྱོངས།

མཐོང་བ་ཆུ་ལ་ངོས་བཟུང་བ།

༡༡

རིན་པོ་ཆེ་སྦྱོར་བའི་སྡེ་ཚན།

༢༠

དཔྱད་ལྔ་གཏར་ག

ཐང་གི་སྡེ་ཚན་བསྟན་པ།

༡༢

སྔོ་སྦྱོར་གྱི་སྡེ་ཚན་བསྟན་པ།

༢༡

དཔྱད་ལྔ་མེ་བཙའ།

ཕྱེ་མའི་སྡེ་ཚན་བསྟན་པ།

༡༣

ལས་ལྔའི་སྔོན་འགྲོ་སྣུམ་འཆོས།

༢༢

དཔྱད་ལྔ་དུགས།

རིལ་བུའི་སྡེ་ཚན་བསྟན་པ།

༡༤

ལས་ལྔ་བཤལ་གྱི་སྐོར།

༢༣

དཔྱད་ལྔ་ལུམས།

ལྡེ་གུའི་སྡེ་ཚན་བསྟན་པ།

༡༥

ལས་ལྔ་སྐྱུགས་ཀྱི་སྐོར།

༢༤

དཔྱད་ལྔ་བྱུག་པ།

སྨན་མར་གྱི་སྡེ་ཚན་བསྟན་པ།

༡༦

ལས་ལྔ་སྣ་སྨན་གྱི་སྐོར།

༢༥

དཔྱད་ཀྱི་ལོག་གནོན་ཐུར་མ།

ཐལ་སྨན་གྱི་སྡེ་ཚན་བསྟན་པ།

༡༧

ལས་ལྔ་འཇམ་རྩིའི་སྐོར།

༢༦

རྒྱུད་བཞིའི་མཇུག་དོན་བསྡུས་པ།

ཁཎྜའི་སྡེ་ཚན་བསྟན་པ།

༡༨

ལས་ལྔ་ནི་རུ་ཧའི་སྐོར།

༢༧

རྒྱུད་ཡོངས་སུ་གཏད་པ།

 

འགྲོ་བ་མི་རྣམས་ཚེ་རིང་བར་བྱེད་པ་དང། ནད་མེད་བདེ་་བླག་ཏུ་འཚོ་ཞིང་གནས་བར་བྱེད་པའི་ཐབས་མཆོག་ཁྱད་དུ་འཕགས་པ་བོད་གངས་ཅན་གྱི་གསོ་བ་རིག་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་རྩ་བ། དཔལ་ལྡན་རྒྱུད་བཞིའམ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་བཤད་པར་བྱ་བ་ལ། སྤྱིར་གསོ་བ་རིག་པ་ནི་འགྲོ་བ་རྣམས་མི་ན་བ་ཡུན་རིང་དུ་གནས་པར་བྱེད་པ་དང། ན་བ་རྣམས་ནད་ཀྱི་སྡུག་བསྔལ་ལས་བྲལ་ཏེ་ནད་མེད་བདེ་བའི་དཔལ་ལ་འགོད་པར་བྱེད་པའི་རིག་པ་ཁྱད་དུ་འཕགས་པ་ཞིག་ཡིན་ཞིང། འདི་ལ་མཁས་པ་རྣམས་ཀྱིས་ཡུལ་ལུང་སོ་སོའི་ཁྱད་ཆོས་དང་མཐུན་པའི་བསྟན་བཅོས་མང་དུ་བརྩམས་པ་ལས། རང་ཅག་ཁ་བ་ཅན་པ་ཉིད་དང་ཉེ་བར་འཚམ་པའི་གསོ་རིག་གི་གཞུང་ཁྱད་པར་དུ་འཕགས་པ། དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད།


མཁས་པ་འགའ་ཞིག་གིས། རྗེ་བཙུན་གཡུ་ཐོག་པ་ཆེན་པོས་ཡན་ལག་བརྒྱད་པ་སོགས་འཕགས་ཡུལ་གྱི་གཞུང་དང། སོ་མ་རྭ་ཛ་སོགས་རྒྱ་ནག་ནས་བསྒྱུར་བའི་གཞུང་དང། འཁོར་ལོ་རྒྱལ་པོའི་བེ་བུམ་སོགས་ཞང་ཞུང་ནས་བསྒྱུར་པའི་གཞུང་རྣམས་ཀྱི་དགོངས་པ་བླངས་ནས་བརྩམས་པར་བཞེད་པ་དང། འགའ་ཞིག་གིས། བདག་ཅག་གི་སྟོན་པ་སྨན་རྒྱལ་གྱི་སྐུར་བཞེངས་ནས་རྗེས་སུ་གནང་བའི་བཀའ་དངོས་སུ་བཞེད་པ་དང། ཡང་འགའ་ཞིག་གིས། བཀའ་དངོས་ཡིན་ཀྱང། སྔོན་སློབ་དཔོན་པདྨས་བསམ་ཡས་དབུ་རྩེར་གཏེར་དུ་སྦས་པ། གྲྭ་མངོན་དབང་ཕྱུག་འབར་གྱིས་ཕྱུང་བའི་གཏེར་མར་བཞེད་པ་སོགས་འདོད་ཚུལ་སྣ་ཚོགས་པ་སྣང་ཡང།


འདིར་གསོ་དཔྱད་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཞེས་སུ་གྲགས་པ་འདིའི་བྱུང་བ་ཅུང་ཟད་ཙམ་ཞིག་རང་གི་འདོད་ཚུལ་ལྟར་བརྗོད་ན། དེ་ཡང་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། གངས་ཅན་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་ཐུགས་བསྐྱེད་དུས་སུ་སྨིན་ནས་མཁས་པའི་སྙན་གྲགས་ཆེས་ཆེར་རྒྱས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་ཡི་སྨན་པ་རུ་དབང་བསྒྱུར། སྐབས་དེར་རྗེ་བཙུན་གཡུ་ཐོག་ཆེན་པོས། སྔ་དར་བོད་ཀྱི་གསོ་བ་རིག་པའི་གཞུང་གདམས་རྣམས་རྩ་བ་རུ་བཟུང་། དེའི་ཁར་ཁ་ཆེ་ཟླ་བ་མངོན་པར་དགའ་བ་སོགས་ནས་ཞུས་པའི་མན་ངག་རྣམས་དང་། རྗེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མྱོང་བྱང་རྣམས་ཀྱིས་བསྣན་ཁ་ཅི་རིགས་པར་མཛད་ནས་<<བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད།>>ཅེས་བྱ་བའི་གཞུང་འདི་ཉིད་བརྩམས་པར་མཛད། གཞུང་འདི་ལ་ཁ་ཆེ་ཟླ་བ་མངོན་པར་དགའ་བའི་ཞལ་ལས་གསུངས་པའི་མན་ངག་མང་པོ་ཞིག་གིས་བསྣན་ན་མཛད་པས་མཛད་བྱང་ཡང་། ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་རབ་གྲགས་པ། །སློབ་དཔོན་ཟླ་བ་མངོན་པར་དགའ་བ་ཡིས། །ཞེས་པ་སོགས་བཀོད་པར་མཛད།     གནས་སྐབས་རྒྱུད་འདི་སྤེལ་བའི་དུས་ལ་མ་བབས་པར་མཁྱེན་ནས། བསམ་ཡས་ཀ་བ་བུམ་པ་ཅན་དུ་གཏེར་དུ་སྦས་པར་གྲགས།

རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་ཉིད་དགུང་ལོ་ལྔ་བཅུར་ཕེབས་པའི་སྐབས་སུ་སྐུ་འཁོར་བུ་སློབ་དང་བཅས་པ་ཀོང་པོ་སྨན་ལུང་དུ་ཕེབས། དེར་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བའི་སྨན་གྱི་སློབ་གྲྭ་ཞིག་གསར་དུ་ཕྱག་བཏབ། སྣོད་ལྡན་གྱི་སློབ་མ་རྣམས་ལ། ཉིད་ཀྱིས་མཛད་པའི་<<བུ་དོན་མ>>ཞེས་པའི་བཤད་ཁྲིད་བསྐྱངས། གཞུང་དེ་ཉིད་ནི་གོང་སྨོས་<<བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་>>ལ་གཞི་རུ་མཛད་ནས། སློབ་བུ་རྣམས་ཀྱི་དོན་དུ་མཛད་པ་ཡིན་པས་མཚན་ཡང་བུ་དོན་མ་ཞེས་སུ་གྲགས།


དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་གྲྭ་མངོན་དབང་ཕྱུག་འབར་བས་<<བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་>>ཀྱི་དཔེ་གཏེར་ནས་བཞེས། གནས་བརྟན་དར་མ་གྲགས་དང་། སྟོད་སྟོན་དཀོན་མཆོག་སྐྱབས། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་བར་དུ་ཆིག་བརྒྱུད་ཀྱིས་སྤེལ། གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཤད་སྲོལ་ཐམས་ཅད་ཀྱི་གཞུང་ལག་ལེན་དང་བཅས་པའི་གདམས་ངག་ཡོངས་རྫོགས་ཀྱི་བཀའ་བབས། <<བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་>>ཉིད་རྩ་བར་བཟུང་། དེའི་སྟེང་དུ་སྙིང་པོ་བསྡུས་པ་རྩ་འགྲེལ་དང་།  དེ་མིན་སྔར་ཡོད་བོད་ཀྱི་སྨན་གཞུང་ལག་ལེན་དང་བཅས་པས་ཁ་བསྐང་། གཡུ་ཐོག་རྙིང་མ་ནས་བཟུང་མི་རབས་བཅུ་གསུམ་བར་བརྒྱུད་པའི་ལག་ལེན་མན་ངག་གིས་ཟུར་བརྒྱན། བདེ་གཤེགས་སྨན་གྱི་བླ་མས་དངོས་སུ་ཞལ་གཟིགས། ལུང་བསྟན། དབུགས་དབྱུང་། སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དང་། ཡིད་ལས་སྐྱེས་གཉིས་ཀྱིས་ཞུ་བ་དང་། ཞུ་ལན་གྱི་ཚུལ་དུ་རྒྱུད་བཞི་ཡོངས་རྫོགས་གསུངས་པ་དག་པའི་གཟིགས་པ་ཉིད་གཞིར་བཞག་སྟེ་བཀའ་དངོས་དང་ཁྱད་པར་མ་མཆིས་པའི་གཞུང་<<བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་>>དམ་དཔལ་ལྡན་<<རྒྱུད་བཞི་>>ཞེས་སུ་གྲགས་པའི་གསོ་དཔྱད་ཀུན་གྱི་རྒྱལ་པོ་འདི་ཉིད་རྩོམ་སྒྲིག་གནང་བ་ཡིན་ནོ།། །།



ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།