ལེའུ་ཞེ་བདུན་པ། |
18.07.2019, 4:54 AM |
ཨོཾ་སྭསྟི་སིདྡྷིཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མགོ་བོ་བཅོས་པའི་མན་ངག་ལ། མེ་བཅོས་ཟླུམ་བཅོས་མི་བྱེད་པ། །གྲ་བཅོས་གཅིག་པུ་བྱེད་པ་ནི། །སྨྱོན་པའི་ལག་ཏུ་མཚོན་བསྐུར་འདྲ། །གྲ་བཅོས་ཟླུམ་བཅོས་མི་བྱེད་པར། །མེ་བཅོས་གཅིག་པུ་བྱེད་པ་ནི། །དཔའ་བོ་རྟིང་ནོན་མེད་པ་འདྲ། །མེ་བཅོས་གྲ་བཅོམ་མི་བྱེད་པར། །ཟླུམ་བཅོས་གཅིག་པུ་བྱེད་པ་ནི། །ལག་རྡུམ་བྲག་ལ་འཛེག་པ་འདྲ། རྒྱས་པར་གཟིགས་་ | |
ལེའུ་ཞེ་དྲུག་པ། |
18.07.2019, 4:52 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྒྱ་ནད་ཚ་འཁྲུ་རྒྱུ་གཟེར་བཅོས་པའི་ཐབས་ལ། དཀར་པོ་གཅིག་ཐུབ་ཅེས་བྱ་བ། དང་པོ་ནད་དེས་ཤི་བའི་ཐོད་པ་མ་བམ་པ། བཅུད་མ་ཤོར་བ་དེ་བདུད་རྩི་དང་ཆ་བསྙམས་ལ་ཞིབ་པར་བཏགས་ཏེ་ཐུན་གཅིག་རང་གི་དྲི་ཆུ་བར་པས་རྟ་བྱས་ལ་ཐོ་རངས་གཏང་ན་ལོ་གཅིག་ཐུབ་བོ། རྒྱས་པར་གཟིགས་་ | |
ལེའུ་ཞེ་ལྔ་པ། |
18.07.2019, 4:51 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚ་བ་གསུམ་གྱིས་ཚ་བ་འཇོམས། །དུང་གི་སྐམ་ཆག་སེལ་བར་བྱེད། །ཡུང་བ་རབ་རིབ་སེལ་བར་བྱེད། །སག་རྩིས་མཆི་མ་གཅོད་པར་བྱེད། །ཏི་ཚས་འཇོམས་པར་བྱེད་པ་ཡིན། །མར་གྱིས་སྙོམས་པར་བྱེད་པ་ཡིན། །ད་ནི་སྦྱར་ཐབས་བསྟན་པར་བྱའོ། །ཚ་བ་གསུམ་ཆ་གཅིག སྨན་ལྔ་པོ་ཆ་མཉམ་པར་བྱས་ལ། རེ་རེ་ཡང་ཚ་བ་གསུམ་དང་མཉམ་པར་བྱའོ། རྒྱས་པར་གཟིགས་་ | |
ལེའུ་ཞེ་བཞི་པ། |
18.07.2019, 4:49 AM |
རྨ་ལ་སྔགས་སྨན་གང་བྱས་ཀྱང་ཡི་དྭགས་ཀྱིས་འཚོ་རུ་མ་སྟེར་ན་བྱ་རོག་གི་བྲུན་བཏགས་ལ། མེ་དུ་བ་མེད་པ་ལ་བསྲེགས་པའི་དུད་པས་རྨ་ལ་བདུག་ན་འཚོ་བར་འགྱུར་རོ། །རབ་ཏུ་གསང་བའི་གདམས་ངག་གོ། མགོའི་གདམས་ངག་མདོར་བསྡུ་ན། དང་པོ་མཁན་པ། སྦང་མ། གཡེར་མ། སྤོང་རྣམས་སྦྱར་བས་ཤ་གདུལ། སྐྲ་བཞར་ལ་ཆིངས་བྱ། ཞག་གསུམ་ཁ་ཟས་བསིལ་དུ་གཏང་། རྒྱས་པར་གཟིགས་་ | |
ལེའུ་ཞེ་གསུམ་པ། |
18.07.2019, 4:47 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། མཆུའི་བད་ཀན་ལ། ཨ་རུ་ར། ཆུ་རྩ་། རྡོ་ཕ་བང་ཆོ་ལོ་དང་། བུ་རམ་རྣམས་ཞིབ་པར་བཏགས་ལ། ཆུ་གཙང་ལ་སྦྱར་ཏེ་སྲོད་ལ་མཆུ་ལ་བསྐུའོ། །ཡང་ལུགས་གཅིག་ལ། ཨ་རུ་ར་དང་། བུ་རམ་རྣམས་ཞིབ་པར་བཏགས་ལ། ཆུ་གཙང་ལ་སྦྱར་ཏེ་སརོད་ལ་མཆུ་ལ་བསྐུའོ། རྒྱས་པར་གཟིགས་་ | |
ལེའུ་ཞེ་གཉིས་པ། |
18.07.2019, 4:45 AM |
གཟེར་བཅོས་པའི་མན་ངག་ལ། རླུང་གཟེར་འཕོ་ཞིང་ཡང་བས་ཉེའུ་དང་། བུ་རམ་བཏང་། སྐུ་མཉེ་བྱའོ། །ཁྲག་གཟེར་ནི་ལས་དྲག་དལ་གྱིས་གཟེར་འདྲིལ་བ་ནས་འོང་བའི་བསིལ་ཐང་གཏང་། གཏར་ག་བྱ། གཉན་གཟེར་ནི་མགོ་བོ་ན། ཚིགས་གཞི་ཁོལ་སྙིང་མི་དགའ། ཚིག་པ་ཟ་བས་དེ་ལ་ཆུ་རྩ་གཉིས་དང་། ཐར་ནུ་སུམ་ཆ་ལ་མི་ཤ་སྐམས་པོ་ཐར་ནུ་ཙམ་ཅིག་སྦྱར་ལ་གཏང་ངོ་། རྒྱས་པར་གཟིགས་་ | |
ལེའུ་ཞེ་གཅིག་པ། |
18.07.2019, 4:43 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མི་བཟད་གཉན་ནད་སྐྲངས་པ་ལ། །གཅིག་ཐུབ་ནག་པོ་ཁོང་དུ་གཏང་། །དམིགས་བུ་མཐེབ་གོང་སྟོང་པར་བཞག །ཕྱིའི་ནན་གྱི་མན་ངག་ལ། །སྐྲད་རྙིང་ར་རུ་བསྲེགས་པའི་གཞོབ། །ཁྱི་སྤུ་ར་སྤུ་བསྲེགས་པའི་གཞོབ། །སོགས་པའི་མེ་ལོང་བསྲེགས་པའི་གཞོབ། རྒྱས་པར་གཟིགས་་ | |
ལེའུ་བཞི་བཅུ་པ། |
18.07.2019, 4:38 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཉན་ནད་ལ་ཁཎྜའི་སྦྱོར་བ་ཞེས་བྱ་བ་འདི་ལ། རྒྱལ་པོ་མདངས་དང་མ་བྲལ་བ། ཞེས་བྱ་སྟེ། ཆུ་རྩ་ནུས་པ་ཆེ་དུས་སུ་བརྐོས་པའི་རློན་པ་ཆང་ལ་བཙོས་པའི་ཁཎྜ་རུ་བསྡུ། བཙུན་མོ་ནུ་དང་མ་བྲལ་བ་ཞེས་བྱ་སྟེ། རྒྱས་པར་གཟིགས་་ | |
ལེའུ་སོ་དགུ་པ། |
18.07.2019, 4:19 AM |
ཨེ་མ་ཧོ། བྱིས་རིམས་བསྲུང་བའི་གདམས་ངག་ལ། དྲོ་གང་སྐར་མ་མ་སངས་པ་ལ། རྒྱུག་ཆུ་མངལ་མ་སླེབས་པའི་ནང་ནས་ལག་པ་རྗེན་པ་མ་རེག་པར་རྡེའུ་ཆུ་དང་བཅས་པ་བླང་ལ། བུད་མེད་དང་ཕྲད་ན་ཕོ་ལ་ཡང་བླང་། བུད་མེད་མེད་པའི་ས་རུ་རྡེའུ་དེ་ལ་སྔགས་བརྒྱ་རེ་བཟླས་ལ། དེའི་དུས་སུ་ཡང་ལག་པས་མི་རེག་པར་དར་དམར་པོའི་ཁུང་དུ་གཏུམས་ལ་མགུལ་དུ་བཏགས་པས་ཐུབ་བོ། རྒྱས་པར་གཟིགས་་ | |
ལེའུ་སོ་བརྒྱད་པ། |
18.07.2019, 4:15 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཁྲག་ཆོད་ཆེན་པོའི་གདམས་པ་ལ། ཚེའི་རྩ་བ་དང་ལོ་མར་བཅས་པ་བརྡུངས་ལ་ཤམ་པ་ལ་བཙོ། ཁུ་བ་ལོགས་སུ་བཞུར་ཞིང་ཁཎྜར་བསྡུ། དེ་ལ་ཚོས་སྤར་གང་དང་། ཞུ་མཁན་སྤར་གང་ཞིབ་པར་བཏགས་ལ་བླུགས། སྐ་ལྡོག་སོང་བ་དང་། ངད་མ་ཡལ་བ་དོམ་མཁྲིས་དང་། ཤིང་ཚ་ཞིབ་པར་བཏགས་ལ། དེ་ནས་རི་ལུ་བྱས་སྟེ། བུ་རམ་ལ་རྟ་བྱས་ལ་གཏང་། རྒྱས་པར་གཟིགས་་ | |
ལེའུ་སོ་བདུན་པ། |
18.07.2019, 4:11 AM |
ཕོ་ལོག་ལ། དྷ་དུ་རའི་འབྲས་བུ་དང་། སྒོག་སྐྱ་གླ་རྩི་རྣམས་ཞིབ་པར་བྱས་ལ། ཁྱེའུའི་དྲི་ཆུ་ལ་ཡུན་རིང་སྦྱངས་། རིལ་བུ་སྲན་མ་ཙམ་བྱས་ལ། ཕོ་ལྷོག་གློ་བུར་འབྱུང་ན་རི་ལུ་གཅིག་གཏང་། དེས་མ་ཕན་ན་ཡང་གཅིག་གཏང་། དེ་ཕན་ཆད་མི་དགོས་སོ། །མིག་བྲི་བའམ། ཤེས་པ་སྤུན་པ་བྱུང་ན་མར་བཞུ་བ་ཐུམ་བུ་ཕྱེད་ཙམ་གཏང་བས་བདེ་བར་འགྱུར་རོ། རྒྱས་པར་གཟིགས་་ | |
ལེའུ་སོ་དྲུག་པ། |
18.07.2019, 4:02 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བྱིས་པའི་མཆིན་ནད་བཅོས་པའི་ཐབས་ལ། དང་པོ་བརྟག་པ་ནི། ཤ་ཚ་ལ་རྩ་མི་བདེ་བ་དང་། དབུགས་ཐུང་ལ་རྔམ་པ་རིང་ཐུང་བྱེད། མིག་ལྡོག་ཅིང་འཛུམ་པ་དཀའ། མིག་སྔོ་ལ་ལུས་འདར་བ། ལག་པ་གཉལ་ནས་འདེད་པ་དཀའ་བ། ཤ་སེར་བ། བོལ་གོང་དང་། མིག་གི་ཡ་ཕུག་ཡོ་བ། རྐང་མཐིལ་དང་ལག་མཐིལ་སེར་བ། ནད་ལྡང་དུབ་བྱེད། རྒྱས་པར་གཟིགས་་ | |
ལེའུ་སོ་ལྔ་པ། |
18.07.2019, 4:00 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བྱང་ཁོག་རིན་པོ་ཆེའི་རྣག་སྐེམས་འདི་ལ་དངུལ་ཆུ་ཞོ་གཅིག མུ་ཟི་སྲང་གཉིས། ཨ་རུ་ར་ཚུམ་གཅིག དེ་རྣམས་ཞིབ་པར་བཏགས་ལ་རང་གི་དྲི་ཆུས་སྦྱར་སྟེ། རྫ་སོ་བཏང་བའི་ནང་དུ་མུ་ཟི་མ་བཏུལ་བ་སྲང་གཅིག་འོག་ཏུ་བཏིང་། རྒྱས་པར་གཟིགས་་ | |
ལེའུ་སོ་བཞི་པ། |
18.07.2019, 3:58 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆུ་སྐྱེས་འོ་འཛག་དང་། བློན་པོ་གསེར་གྱི་སྡོང་པོ་གཉིས། འབངས་ནི་རིན་ཆེན་ཆུས་སྦྱངས་ནས། །གཟེར་ཐུང་མ་ལུས་ཞི་བར་བྱེད། །ཅེས་པ་ཐར་ནུ་འོ་མར་བཏུལ་བའམ། མ་བཏུལ་ཡང་རུང་སྟེ། ཆུ་རྩ་རྐང་གཅིག་པ་དང་ཆ་བསྙམས་ལ་སྦྱར། རྒྱས་པར་གཟིགས་་ | |
ལེའུ་སོ་གསུམ་པ། |
18.07.2019, 3:46 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཅོང་ཞིའི་གདམས་པ་ནི། དང་པོ་ཅོང་ཞི་བཟང་པོ་དྲུས་ཕྱེ་ཙམ་དུ་བཏགས་ལ། ཆང་ངམ། ཤམ་པོ་ལ་བཏབ་ལ། སགས་ནས་སྦུ་བ་ཙིར་ཙིར་བྱུང་བ་དེ་རྣམས་བཟར་བུས་བྱབས་ལ་སྐྱུར་རོ། །དེ་ནས་ནུབ་གཅིག་བཞག་པ་གྲུང་པ་དེ་རས་གཙང་མའི་ཁུད་དུ་གཏུམས། རྒྱས་པར་གཟིགས་་ | |
ལེའུ་སོ་གཉིས་པ། |
18.07.2019, 2:23 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཤ་དུག་གི་སྔགས་ལ། ཨོཾ་ཧྲི་མ་ཧཱུྃ། ཀ་རུ་ཏེ་མ་ཡ་ན་མ་ཀྲིཾ་ཀྲིཾ་སོད་སྭཱ་ཧཱ། ཐོ་རངས་གངས་ཆུ་རྙོག་མེད་ལ། །སྨྲ་བ་བཅད་དེ་ཅི་ནུས་བཟླས། །ཚུགས་ཚད་ནད་པ་དག་ལ་གཏང་། །ལང་པ་ཤར་གྱི་ནད་རྣམས་འཇོམས། །ཨེ་མ་ཧོ། ཨི་ཐི། གླང་རོག་པོ་རྙེད་ན་རབ། མ་རྙེད་ན་གང་གིས་ཀྱང་བཏུབ་སྟེ། དེའི་མཁྲིས་པ་མ་ཉམ་པ་ཅིག་ཆུ་ལ་སྦྱངས་ལ་གཏང་ངོ་། རྒྱས་པར་གཟིགས་་ |
|
ལེའུ་སོ་གཅིག་པ། |
18.07.2019, 2:20 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །དམུ་ཆུ་འཕྲུལ་གྱི་འཛག་སྐེམས་ཞེས་བྱ་བ་འདི་ལ་དམུ་ཆུ་དང་། འོར་དང་དམུ་རྫིང་ལ་སོགས་པ་ལས་བསྡུས་པས་དཀར་ནག་གཉིས་སུ་འདུས་སོ། །སྐེ་དང་རྐང་ལག་སྐྲངས་པ་དང་། གསུས་པ་ཆེ་བ་དང་། ལུས་ཟུངས་ཆུང་བ་ནི་དམུ་རྫིང་ནག་པོ་ཡིན་པས་སྤང་པར་བྱའོ། རྒྱས་པར་གཟིགས་་ | |
ལེའུ་སུམ་ཅུ་པ། |
18.07.2019, 2:14 AM |
ཨོཾ་སྭསྟི་སིདྡྷཾ། །ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མགོ་བོའི་ལུམས་བཅོས་ཀྱི་མན་ངག་ལ། རྡོ་སྨུག་པོ་སྦལ་རྒྱབ་དང་། ས་ཁ་བུ་རམ་དང་། འགྲོ་རྟེན་ཞག་ཆེན་དང་། ཧི་ངམ་དང་། ཉི་འབྱེད་དང་སྦྱར་ལ། མཐུ་སྦྱོར་ཞེས་བྱ་བ་ཡིན་པས་ཐུན་ཚད་ལ་ངེས་པ་མེད་དོ། རྒྱས་པར་གཟིགས་་ | |
ལེའུ་ཉེར་དགུ་པ། |
18.07.2019, 2:02 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྒྱའི་ལུམས་བཅོས་ཀྱི་མན་ངག་འདི་ལ། གུ་ལེན་གྱིས་ལྷ་བ་འཛིན། ཉེ་འབྱེད་ཀྱིས་ཧྲལ་ཧྲུལ་གཅོད། དམར་ཁྲག་གིས་ཤའུ་བསྐྱེད། ཧྲི་དམར་གྱིས་རྩ་ཁ་བསྡོམས། རྡོ་སྨུག་གིས་ཆ་སྙོམས་སོ། །ཀླད་པ་འཛག་ན་ཀླད་ཐེམ་གཞུག ཀླད་ཐེམ་ནང་དུ་སྨན་གྱིས་མནན། དེའི་སྟེང་དུ་དར་དམར་པོ་གཏང་། རྒྱས་པར་གཟིགས་་ | |
ལེའུ་ཉེར་བརྒྱད་པ། |
18.07.2019, 1:44 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བདུད་རྩི་ཡང་ཐིགས་ཞེས་བྱ་བའི་གདམས་ངག་འདི་ལ་དོམ་མཁྲིས། ཆུ་རྩ། ཤ་ལ་གཡུ་རི(ཡ་རིང་)། བོང་ང་དཀར་པོ་རྣམས་ཆ་མཉམ། དེ་རྣམས་ཀྱི་ཆ་ཕྱེད་ཀ་ར་གཏང་། མཚལ་ཀ་རའི་ཕྱེད། རྒྱ་ཚ་མཚལ་གྱི་ཕྱེད། དེ་རྣམས་ཞིབ་པར་བཏགས་ལ། རྒྱས་པར་གཟིགས་་ | |
ལེའུ་ཉེར་བདུན་པ། |
18.07.2019, 2:01 AM |
རིམས་ནད་བསྲུང་བའི་མན་ངག་ནི། གླ་རྩི་གི་ཝང་ཤིང་ཀུན་གསུམ། །ཤུ་དག་བོང་ང་ཨ་རུ་ར། །སྒོག་སྐྱས་བསྡུས་ལ་རི་ལུ་བྱ། །གཟེར་ཐུང་རིམས་ནད་ཐམས་ཅད་ཐུབ། །གི་ཝང་བདུན་པ་ཞེས་བྱ་སྟེ། །རི་ལུ་རེ་ཡིས་ཞག་བདུན་ཐུབ། །ལྟོ་སྟོང་དག་ལ་རེ་རེ་གཏང་། །དེ་ལ་ཉམ་ང་ཐེ་ཚོམ་མེད། །རྗེ་བཙུན་ཆེན་པོའི་ཞལ་གྱི་གདམས་པ་ཤིན་ཏུ་ཟབ་བོ། རྒྱས་པར་གཟིགས་་ | |
ལེའུ་ཉེར་དྲུག་པ། |
18.07.2019, 1:41 AM |
གློ་བ་ལས་རྣག་སྐྱུགས་པ་ལས། ཤིང་མངར་དང་ཤིང་ཚ་གཉིས། རུ་ཨརྟ་སྟར་བུ་གཉིས། ལི་ག་དུར་དང་པི་པི་ལིང་གཉིས། དེ་རྣམས་ཆ་བསྙམས་ལ། རྟའི་འོ་མ་ལ་སྦྱར་ལ་ལྟོ་སྟོངས་ལ་བཏང་ངོ་། །མང་ཉུང་ནད་པའི་ནད་བབས་ཆེ་ཆུང་དང་ཤེད་ཆེ་ཆུ་སྦྱོར་རོ། རྒྱས་པར་གཟིགས་་ | |
ལེའུ་ཉེར་ལྔ་པ། |
18.07.2019, 1:35 AM |
ཨོཾ་སྭསྟི་སིདྡྷཾ། སྐྲན་སྨན་གྱིས་བཤིག་པ་ལ། མིའི་མགོ་རུས། རྟའི་མགོ་རུས། ཁྱིའི་མགོ་རུས། ཕག་པའི་མགོ་རུས། ཤ་བའི་རྭ་རྣམས་སོ་སོར་བསྲེགས་པའི་ཐལ་བ་བྱ། དེའི་སྟེང་དུ་སྤེན་མ། ཕུར་མོའི་ཐལ་བ། དེ་རྣམས་ཞིབ་པར་བྱས་ལ། གྲང་བ་ལས་གྱུར་པ་ལ་བུ་རམ། ཚ་བ་ལས་གྱུར་པ་ལ་ཀ་ར་ལ་སྦྱར་ལ་ལྟོ་སྟོང་ལ་གཏང་ངོ་། རྒྱས་པར་གཟིགས་་ | |
ལེའུ་ཉེར་བཞི་པ། |
18.07.2019, 1:31 AM |
ཅུ་གང་། བོང་ང་། ཁྲོན་བུ། ཤུག་ལོ་བཞི། ཀ་ར་དཀར་པོའི་ཕྱེ་མ་ཉིས་འགྱུར་དང་སྦྱར་ལ། ཆུ་གྲང་རྟ་བྱས། ཆབས་དང་སྦྱར། ལྟོར་གཏང་། ཚ་བ་ཆེ་ན་པི་པི་ལིང་ཅུང་ཟད་གཏང་བས་གཟེར་བ་མ་ལུས་འཇོམས། མཆོག་ཏུ་གྱུར་པའི་གཉན་པོ་དམ་པ་ཡིན། དེ་ཉིད་ཆུ་དང་སྦྱར་ལ་ཕྱི་རོལ་བྱུག་བྱས་ན། སྐྲངས་འཇོམས་མཆོག་ཏུ་གྱུར་པའི་གདམས་པ་དམ་པ་ཡིན། རྒྱས་པར་གཟིགས་་ | |
ལེའུ་ཉེར་གསུམ་པ། |
18.07.2019, 1:27 AM |
ཆུ་སེར་གྱི་ཀོར་ལེའུ་ཁྲུས་ལ། རུ་རྟ། བྱང་པ། སྤོད། ཕོ་བ་རིས། པི་པི་ལིང་། གུ་གུལ་དཀར་པོ། རྒྱ་ཚ་ཞིབ་པར་བརྡུངས་ལ། སྡུད་སྤོས་ཟོ་མར་གྱིས་བྱས་ལ་ཆང་ལ་བསྣུར་ཏེ། གང་ཆུ་སེར་ན་བ་དེ་ལ་བསྐུས་ཏེ། ཉི་མ་ལ་འདུག་གོ། དེ་ལྟར་བྱས་པས་འཕྲལ་ལ་ཕན་པར་འགྱུར་རོ། རྒྱས་པར་གཟིགས་་ | |
ལེའུ་ཉེར་གཉིས་པ། |
18.07.2019, 1:21 AM |
ཝ་བ་ཡུལ་འདོན་གྱི་གདམས་པ་ལ། དུང་མོ་ཆོལ་ཙམ་གཅིག སྲོ་ལོ་དཀར་པོ་མཐེབ་ཚིག་ཙམ་གཅིག ཕོ་བ་རིལ་བདུན་བརྒྱད་ཙམ། པི་པི་ལིང་བཅུ་ཙམ། སྒ་རྡོག་འབྲིང་གཅིག རྒྱ་ཚ་ནས་ཙམ་གཅིག སྨན་ཚ་ཆོ་ལོ་ཙམ་གཅིག་ཝ་ཚ་གཞན་པས་ཆེ་བ་གཅིག ཆང་ཚོད་གཅིག་ནོན་པ་ཙམ་གྱི་ཕབས་གཅིག དེ་ཚོ་ཞིབ་པར་བརྡུངས། རྒྱས་པར་གཟིགས་་ | |
ལེའུ་ཉེར་གཅིག་པ། |
18.07.2019, 12:58 AM |
ཐར་ནུ་འདུལ་བར་བཞེད་ན། དཔྱིད་དུས་བརྐོས་ལ་མཐེའུ་ཆུང་ཙམ་དུ་གཏུབ་སྟེ། ཞོ་མ་བོ་བར་བྱ། དེ་ཆང་གི་ནང་ནུབ་པར་བྱ་སྟེ། ར་ཤ་ཁམ་ཆེ་བ་ཅིག་བཅུག་ལ་བཙོ། ཆང་ཐར་ནུ་ལ་ཐིམ་པ་དང་། ར་ཤ་ས་འོག་ཏུ་བཞག དེ་མི་དང་དུད་འགྲོ་གང་གིས་ཟོས་ཀྱང་འཆིའོ། །ཐར་ནུ་རྣམས་སྐུད་པ་ལ་བརྒྱུས་ལ་གྲིབ་སྐམ་བྱའོ། རྒྱས་པར་གཟིགས་་ | |
ལེའུ་ཉི་ཤུ་པ། |
18.07.2019, 12:56 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཉན་ལ་རིགས་དགུ་ཡོད་དེ། མགོ་ལ་བྱུང་ན་ཀླད་གཟེར། ཨོག་མར་བྱུང་ན་གག་པ། གྲེ་བ་ལ་བྱུང་ན་ཐོར་པ། སྙིང་དང་མཆིན་པ་ལ་བྱུང་ན་སྟོད་གཟེར། གློ་བ་ལ་བྱུང་ན་གློ་ཚད། ཕོ་བ་ལ་བྱུང་ན་ཕོ་ལོག རྒྱུ་མ་ལ་བྱུང་ན་རྒྱུ་གཟེར། རྐང་པ་ལ་བྱུང་ན་ཉྭ་བྱིན་ལྷོག ཕྱི་རོལ་དུ་སྐྲངས་ན་ལྷོག་པའོ། རྒྱས་པར་གཟིགས་་ | |
ལེའུ་བཅུ་དགུ་པ། |
18.07.2019, 12:47 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གག་ལྷོག་གསོ་བའི་གདམས་ངག གཉན་ནད་འཇོམས་པའི་ཧ་ལ། ཞེས་བྱ་བ་འདི་ལ། དང་པོ་བརྟག་པའི་ཐབས་ལ་དབྱེ་བ་ནི། བསམ་གྱིས་མི་ཁྱབ་སྟེ། བསྡུ་ན། གག་པ་དང་། ལྷོག་པ་གཉིས་སོ། །གྲེ་བར་བྱུང་ན་གག་པ་ཡིན། ཕྱི་རུ་བྱུང་ན་ལྷོག་པ་ཡིན། རྒྱས་པར་གཟིགས་་ | |
ལེའུ་བཅོ་བརྒྱད་པ། |
18.07.2019, 12:43 AM |
ཨོཾ་སྭསྟི་སིདྡྷཾ། དང་པོ་སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སྟོང་པ་ཉིད་ཀྱི་ངང་ལས་སྐད་ཅིག་གིས་རྟ་མགྲིན་དམར་པོ། ཞལ་གཅིག ཕྱག་གཉིས། གཡས་ན་པདྨ། གཡོན་ཐུགས་ཀར་སྡིག་འཛུབ་མཛད་པ། སྟག་གི་སྤགས་པའི་ཤམ་ཐབས་ཅན། རྟ་མགོ་ལྗང་གུ་དབུའི་སྟེང་དུ་གསལ་བར་བསམས་ལ། སྔགས་འདི་བཟླས་སོ། རྒྱས་པར་གཟིགས་་ | |
ལེའུ་བཅུ་བདུན་པ། |
18.07.2019, 12:41 AM |
ཨོཾ་སྭསྟི་སིདྡྷཾཾ། ཨོཾ་ཨཱཿ་ཧཱུཾ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དྲག་པོ་མི་བཟད་པའི་ཤ་དུག་གསོ་བའི་གདམས་ངག་ཧ་ལ་འཇོམས་བྱེད་ཅེས་བྱ་བ་འདི་ལ། དང་པོ་རྟགས་བརྟག་པ་ནི། འདི་ནི་འཕྲལ་ལ་གསོད་པར་བྱེད་པའི་ནད་ཡིན་ཏེ། གྲེ་བ་ནས་ཟས་དང་། སྨན་དང་ཆུ་མི་ཐར། བག་རེ་ཐར་ཡང་འཕྲལ་ལ་སྐྱུག རྒྱས་པར་གཟིགས་་ | |
ལེའུ་བཅུ་དྲུག་པ། |
18.07.2019, 12:33 AM |
ཨོཾ་སྭསྟི་སིདྡྷཾ། ཨོྃ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །དུག་གསོ་བྱེད་བདུད་རྩི་འཕེལ་བྱེད་འདི་ལ། དང་པོ་ཡིན་མིན་བརྟག་པ་ནི། མིག་སྤྲིན་སེར་ལ་ནག་པོའི་ཐིག་ལེ་འོང་། དེ་ནང་གཞན་ལ་འོང་བས། རྐེད་པ་མན་ཆད་ཆུ་རུ་བཅུག་པས། དར་གཅིག་ནས་ཕྱུང་ལ་མེ་ལ་བསྲོས་པས་ཐམས་ཅད་ནག་པོར་སོང་ན་ཡིན། རྒྱས་པར་གཟིགས་་ | |
ལེའུ་བཅོ་ལྔ་པ། |
18.07.2019, 12:31 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །གསོ་དཔྱད་རྒྱལ་པོའི་དཀར་མཛོད་ཅེས་བྱ་བ་འདི་ལ། དང་པོ་རིམས་བསྲུང་པའི་གདམས་ངག་ནི། རྒྱུ་རྣམ་པར་རྟོག་པ་ཡིན་པས་སེམས་བསྐྱེད། རྣམ་རྟོག་གི་འཁྲི་པ་གཅོད་པ་ཡིན་པས་སྔགས་དང་རྫས་ལ་ནན་ཏན་བསྐྱེད་དེ། གླ་རྩི་དང་། ཤུ་དག རྒྱ་སྣག་གསུམ་སྦྱར། རྒྱས་པར་གཟིགས་་ | |
ལེའུ་བཅུ་བཞི་པ། |
18.07.2019, 12:29 AM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཿ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྩ་ལྟོ་སྦྲག་མའི་བཤལ་གྱི་མན་ངག་ལ། སྔོན་དུ་ཚིགས་པ་དང་། ཡན་ལག་ལ་བསྐུ་མཉེ་བྱ། ཆུ་སྐོལ་སུམ་ཡར་གཏང་། དེ་ནུབ་གཏང་བའི་སྲོད་ལ་ལྕམ་པའི་ཐང་གཏང་། ལྟོ་སྣུམ་བག་ཏུ་བཏང་ན་སྣུམ་འདྲེད་དུ་འགྲོ་བས་མི་གཏང་། དེའི་ནུབ་མོ་ལྟོ་དགུག་གོ། རྒྱས་པར་གཟིགས་་ | |
ལེའུ་བཅུ་གསུམ་པ། |
18.07.2019, 12:25 AM |
འཇམ་རྩི་བདུད་རྩི་འཕེལ་བྱེད་ཅེས་བྱ་བ་འདི་ནི། གཞང་ལུག་པ་དང་། སྨད་དྲོད་ཆད་པ་དང་། མཁལ་མ་འོར་དུ་ལྷུང་བ་ལ་གཏང་ངོ་། །སྔོན་འགྲོ་ལུས་པོ་བརྡལ། ལྟོ་ཆས་བྱ། སྤྱོད་ལམ་གཟབས། དུགས་དང་བསྐུ་མཉེ་བྱ། བཤང་གཅི་བདེ་བར་བསལ། ཆུ་དྲོན་གྱིས་ཁྲུས་བྱའོ། རྒྱས་པར་གཟིགས་་ | |
ལེའུ་བཅུ་གཉིས་པ། |
18.07.2019, 12:20 AM |
སྣ་བཤལ་འགུགས་པའི་ཕོ་ཉ་ཞེས་བྱ་བ་ནི། ནང་འཚོམ་(ནམ་ཚོང་)ཡན་ཆད་ཀྱི་ནད་སེལ་བ་ཡིན་ཏེ། དཔྲལ་བ་ལ་ཡོས་དུགས་བྱ། མགོ་ལ་མར་བསྐུ་སྣབས་སྐམ་པོ་ཕྱིས་ལ། རླུང་མེད་པའི་སར་འཕོངས་བསྟོད། སྔས་ཅུང་ཟད་སྨད་ལ་གན་རྐྱལ་དུ་ཉལ། དེས་ལྟག་པ་དགྱེད་བྱས་ལ། སྨན་ཁུ་སྣར་བླུགས་ལ་རྔུབ་ཏུ་གཞག རྒྱས་པར་གཟིགས་་ | |
ལེའུ་བཅུ་གཅིག་པ། |
18.07.2019, 12:15 AM |
ནི་རུ་ཧ་འདྲེན་པའི་འཁོར་ལོ་ནི། གལ་ཏེ་རྩ་འགགས་པའམ། ཕོ་བ་འགྱིངས་བའམ། བཤལ་ཐོགས་པའམ། ཕོ་བ་དང་། རྒྱུ་མའི་ནད་འབྱིན་པར་བྱེད་པ་ཡིན། དུར་བྱིད། བུལ་ཏོག དུད་པ། ལྕུམ་རྩ། ཨ་རུ་ར། ཚྭ། སུག་པ་རྣམས་རྩི་བཞིན་དུ་བཏགས་ལ་སིང་པོ་དང་སྦྱར། རྒྱས་པར་གཟིགས་་ | |
ལེའུ་བཅུ་པ། |
17.07.2019, 11:55 PM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །སྟོད་སྐྱུག་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ལ། ནད་ཀྱི་རིགས་ནི་བད་ཀན་གྱིས་ཕོ་བ་ན་བ་དང་། ཟས་མི་འཇུ་བར་ལྷམ་མེ་ན་བ་དང་། མཆིན་ཁྲག་ཕོ་བར་ལུད་པ་དང་། རོ་སྟོད་རྒྱངས་ཤིང་ན་བ་དང་། ཟས་ཡི་གར་མི་འོང་པར་ཁ་ཁ་བ་དང་། བད་ཀན་གློ་མིག་ཏུ་འཚང་ནས་གློ་ལུ་ཞིང་གྱེན་ལ་འགྲོ་མི་ནུས་པ་དང་། ལྷེན་སྣ་ནས་ཕོ་སྟོད་ཀྱི་ནད་ལ་བཏར་བ་བྱར་སྟེ། རྒྱས་པར་གཟིགས་་ | |
ལེའུ་དགུ་པ། |
17.07.2019, 11:51 PM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །བཤལ་གྱི་གདམས་པ་རིན་པོ་ཆེའི་ཆུ་རྒྱུན་ཞེས་བྱ་བ་འདི་ལ་དོན་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་མོ། །སྦྱོར་བ་ནི། དང་པོ་བསོད་ནམས་ཀྱི་ཚོགས་བསགས། ལུས་དལ་བ་དང་། མི་འཁྱགས་པ་དང་། གཉིད་བདེ་བར་ལོག་པ་དང་། དུགས་བྱ་བ་དང་། རུས་པ་དང་། བཤལ་ལ་བསྐུ་མཉེ་བྱ་བ། ནད་ལ་མི་གནོད་ཙམ་དུ་ལྟོ་ཆས་བྱ། རྒྱས་པར་གཟིགས་་ | |
ལེའུ་བརྒྱད་པ། |
17.07.2019, 11:48 PM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མེ་བཙའི་གདམས་ངག་རིན་པོ་ཆེའི་ཐིགས་པ་ཞེས་བྱ་བ་འདི་ལ་ལྔ་སྟེ། རྒྱབ་དང་། མདུན་དང་། སྟ་ཟུར་ཡན་ལག་གོ། དེ་ཡང་རླུང་གིས་ཁྲག་འཁྱགས་ནས་ན་བའི་མེ་བཙའ་དམིགས་སུ་བསྲེགས་པས་རླུང་ཁྲག་དྲོས་ནས་ཞི་བར་འགྱུར་རོ། ། རྒྱས་པར་གཟིགས་་ | |
ལེའུ་བདུན་པ། |
17.07.2019, 11:42 PM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཏར་གའི་མན་ངག་ཟུག་རྔུ་ཕྱིར་འདྲེན་ཞེས་བྱ་བ་འདི་ལ། ཁྲག་དང་མཁྲིས་པའི་ཟུག་རྔུ་ཕྱིར་འབྱིན་ཏེ། གཡེང་བ་མེད་པར་བསྙལ་ཐག་ལེགས་པར་བསྡམས། ཆུ་གྲང་དང་རྡོ་གྲང་ལ་སོགས་ལ། ནད་པ་ལུས་པོ་དྲོས་པ་ཤེས་པ་མ་བྲེད་པར་བྱས་ལ། གཙག་བུ་ཚད་དང་ལྡན་པ་རྣོན་པོ་བརྡར་ཏེ། རྒྱས་པར་གཟིགས་་ | |
ལེའུ་དྲུག་པ། |
17.07.2019, 11:38 PM |
༄༅། །ཨོཾ་སྭསྟི་སིདྡྷཾ། ཨོཾཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མཁལ་མ་སྒོས་བཅོས་ཀྱི་མན་ངག་འདི་ལ། དང་པོ་མཁལ་མ་སུརྱ་ཞེས་བྱ་བ་ལས་དྲག་ཞུལ་བྱས་པ་ལས་བྱུང་སྟེ། མཁལ་རྐེད་ལྕི་ཞིང་། དང་ག་འགྲིབ། རྣ་བ་མི་གསང་། ཤ་སྐམ་མོ། དེ་ལ་དང་པོ་དུགས་བྱ། བར་དུ་ཐང་གཏང་། ཐ་མ་གཏར་གྱིས་ཚ་རིངས་གདུལ་ལོ། རྒྱས་པར་གཟིགས་་ | |
ལེའུ་ལྔ་པ། |
17.07.2019, 11:33 PM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །དང་པོ་མཁྲིས་པའི་ནད་ཀྱི་གཞི་ནི། མཆིན་པའི་ཁྲག་ཚད་ལས་ལྷག་པ་དང་། ངལ་དུབ་དྲག་པོ་དང་། མེ་ཚད་དང་། ཉི་ཚན་ལ་གཉིད་ཆེར་ལོག་པ་དང་། ཆང་སྐྱུར་མང་པོ་འཐུངས་པས་ཀྱང་མཁྲིས་པ་ཐུང་(ཐང་)ལ་ལྷག་པའོ། རྒྱས་པར་གཟིགས་་ | |
ལེའུ་བཞི་པ། |
17.07.2019, 11:07 PM |
ཨོཾ་སྭསྟིཿ་སིདྡྷི། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚད་པ་གསོ་བའི་གདམས་ངག་བདུད་རྩི་ཡང་ཐིགས་ཞེས་བྱ་བ་འདི་ལ་གསུམ་སྟེ། གློ་བའི་ཚ་བ་བཅོས་པ་དང་། ཁྲག་གཟེར་བཅོས་པ་དང་། གཟེར་ཐུང་གཉན་ནད་བཅོས་པའོ། །དང་པོ་རྒྱུའི་ཚད་པ་ཞེས་བྱ་བ། མཁྲིས་པའི་མེ་དྲོད་ཚད་ལས་ལྷག་པ་ཡིན་ཏེ། དེ་ནི་ཁ་ཟས་སྨན་དང་། སྤྱོད་ལམ་བསིལ་བས་བཅོས། རྒྱས་པར་གཟིགས་་ | |
ལེའུ་གསུམ་པ། |
17.07.2019, 11:03 PM |
ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚད་པ་བཅོས་པའི་གདམས་ངག་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་འདི་ལ་ལྔ་སྟེ། མ་སྨིན་པའི་ཚ་བ་ཆུ་ལྟར་རྙོག་པ་དང་། རྒྱས་པའི་ཚ་བ་མེ་ལྟར་འབར་བ་དང་། སྟོངས་པའི་ཚ་བ་མདའ་ལྟར་གཟེར་བ་དང་། གབ་པའི་ཚ་བ་མུན་ལྟར་གཏིབས་པ་དང་། རྙིང་པའི་ཚ་བ་རྩི་ལྟར་ཞེན་པའོ།། རྒྱས་པར་གཟིགས་་ | |
ལེའུ་གཉིས་པ། |
17.07.2019, 6:24 AM |
ཨོཾ་སྭསྟི་སིདྡྷི། ཨོཾ་ཨཱཿཧཱུཾ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །བྱང་ཁོག་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་གདམས་ངག་འདི་ལ་གཉིས་ཏེ། མཆིན་དྲི་ཡན་ཆད་བྱང་ཁོག་སྟོད་ཡིན་ལ། མན་ཆད་བྱང་ཁོག་སྨད་ཡིན་ནོ། །སྟོད་ལ་མདའ་དང་མཚོན་ཕོག་ན། རྡོལ་མ་རྡོལ་གྱི་ཕུགས་འཚོལ་གཏང་མི་རུང་ངོ་། །མཚོན་ཕྱུང་མ་ཐག ཚིལ་བུས་ཁྲག་འཆད་དོ། རྒྱས་པར་གཟིགས་་ | |
ལེའུ་དང་པོ། |
17.07.2019, 6:23 AM |
༄༅། །ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །འདུ་བ་སྤྱིའི་རྣམ་གཞག་སྒྲོན་མ་གསལ་བ་ཞེས་བྱ་བ་འདི་ལ། རླུང་མཁྲིས་བད་ཀན་གྱི་ནད་རང་རང་གི་གནས་སུ་བྱུང་ན། ནད་རང་དབང་ཅན་གཙོ་བོར་གྱུར་པ་ཞེས་བྱ་སྟེ། སྟོད་བད་ཀན་གྱི་ཡུལ། བར་མཁྲིས་པའི་ཡུལ། སྨད་རླུང་གི་ཡུལ་ལོ། །དེའང་བད་ཀན་གྱི་གནས་སུ། རླུང་ལྟ་བུ་བྱུང་ན། ནད་གཞན་དབང་ཅན་ཞེས་བྱ་སྟེ་གསོ་དཀའོ། རྒྱས་པར་གཟིགས་་ |
སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།
ནང་གསེས་དཀར་ཆག
ཡིག་ཆ་གསར་ཤོས།
སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།
ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།
བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།
བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།
འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།
སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།
ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།
མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།
ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།