སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༧། གསོ་ཚུལ་སྤྱིར་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་བདུན་པ། གསོ་ཚུལ་སྤྱིར་བསྟན་པ།

 

 དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། གསོ་བྱེད་ཐབས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་ཞུས་པ་ལས།

སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་དེ་རྟོགས་ནས་ཇི་ལྟར་གསོ་བའི་ཕྱིར། །གསོ་བར་བྱེད་པའི་ཐབས་ཀྱི་གནས་བསྟན་པ། སྔར་བཤད་པ་ལྟར་རྟགས་ཀྱིས་ངོས་བཟུང་ན་དེ་ལ་གསོ་བའི་ཚུལ་དང་གསོ་ཐབས་གཉིསལས

དང་པོ་ནད་ཀྱི་གསོ་ཚུལ་བསྟན་པ་ནི། །ནད་ལ་གསོ་ཐབས་དཔག་ཏུ་མེད་པར་ཡོད་མོད་ཀྱང༌། དེ་རྣམས་གསོ་བའི་ཚུལ་མེད་ན་མུན་པར་མདའ་འཕེན་པ་དང་འདྲསྟེ་དོན་མེད གསོ་ཚུལ་དེ་ལ་གསུམ་སྟེ་སྤྱི་ཡི་གསོ་ཚུལ་དང༌། །བྱེ་བྲག་པ་དང་ཁྱད་པར་གསོ་ཚུལ་ལོ། དང་པོ་ཇི་ལྟར་གསོ་བའི་ཚུལ་དང་གཉེན་པོ་གང་གིས་གསོ །སོས་པའི་ཚད་དང་རྣམ་པ་གསུམ་གྱིས་བསྟནནོ

དང་པོ་རླུང་མཁྲིས་བད་ཀན་ལ་སོགས་པ་ཇི་སྙེད་པའི་ནདརྣམས །རང་གནས་སུ་གསོག་པའི་དུས་སུ་བསལ་བར་བྱབའི་དུས་དེར་མ་བསལ་ན །ལངས་ཤིང་རྒྱས་ནས་ནད་གཞན་དག་དང་འཁྲུག་པར་བྱེད་པའི་ཕྱིར། ནད་གཞན་ལངས་ན་དེ་ལ་གནོད་པ་མེད་ཅིང་ཞི་སྦྱོང་པའི་སྦྱོར་བས་གསོདགོས གལ་ཏེ་བླ་གཉན་ལྟ་བུའི་ནད་གཞན་སྐྱེས་ན་ནད་སྟོབས་གང་ཆེ་བ་དེ་ཐོག་མར་བཅོས།

གསོ་བའི་གཉེན་པོ་ཞི་བྱེད་དང་སྦྱང་ར་བྱེད་པ་གཉིསཡོད་པ་ལས གོ་རིམ་མ་འཁྲུགས་པར་ནད་རང་གནས་སུ་གསོག་པའི་དུས་ཞི་བྱེད་ཀྱིས་གསོ་ལ་ནད་ལངས་ནས་སྦྱོང་བྱེད་ཀྱིས་སྦྱང་བས་བཅོས། དེ་ལའང་ཞི་བྱེད་བྱ་བའི་དུས་སུ་ཟས་དང་སྤྱོད་ལམ་གཟབ་ཅིང་མི་འཁྲུགས་པར་བྱ། །འོན་ཀྱང་འཕྲལ་རྐྱེན་གྱིས་དུས་མིན་དུའང་ནད་གསོག་པ་དང་ལྡང་བར་བྱེད་པའི་ནདལ་ནི །དུས་ལས་འདས་ན་གསོ་བ་དཀའ་བར་འགྱུར་བའི་ཕྱིར་ནད་དེ་ཉིད་འཕྲལ་དུ་བསལབར་བྱའོ

དེ་ལ་སྨན་ཡང་ཉིན་ཞག་དང་ཟས་དང་དུས་སོགས་རིགས་པ་ཡིས། །ནད་དང་སྦྱར་ཏེ་བཏང་ཚུལ་བཅུ་རུ་བཤད། བད་ཀན་ལ་ཟས་མ་ཟོས་པའི་གོང་དང་མཐུར་སེལ་དང་ལོང་ལ་ཟས་སྔོན་དང་མེ་མཉམ་གྱི་རླུང་ལ་ཟས་ཀྱི་དབུས་བར་ཚེགས་མེད་པ་དང་ཟས་དེས་མཐརགཏོང་བ་ཁྱབ་བྱེད་ཀྱི་རླུང་དང་ ཡིད་ག་འཆུས་པའི་ནད་ལ་ཟས་ཁམ་རེ་དང་སྨན་རེ་སྤེལ་ལ་ཟས་མཚམས་ནད་ཕལ་ཆེ་བ་སྔ་མ་མ་ཞུ་ཕྱི་མ་ཟོས་པ་དུས་མེད་ཙེ་གུར་དུག་སྐྱུགས་ལུད་པ་དབུགས་མི་བདེ་བ་སྐོམ་དད་སྐྱེ་བ་དང༌།ཟས་སྨན་ལྷན་ཅིག་འཐུང་བ་བཅས་སྐྱིགས་བུ་འདར་བ་སྨན་ཐོག་ཟས་ཀྱི་མནན་པ་དང་ནམ་ཚོང་ཡན་ཆད་ནད་ལ་མཚན་མོ་བཏང་བར་བསྔགས་པ་བཅས་བཅུའོ། །ནད་གང་ཡིན་དང་གཏོང་ཚུལ་མི་སྦྱོར་བར་ནད་ཀུན་ལ་ཟས་ཞུ་དུས་ཁོ་ནར་གཏོང༌བ་ནི ཤིན་ཏུ་རྨོངས་པའི་ལུགས་ཏེ་ནད་ཀྱི་ཐོག་ཏུ་སྨན་འབབ་པ་དཀའ། དེ་བས་ན་ནད་དང་སྨན་གང་ཡིན་དུས་ལས་མ་འདས་ན་འཇིག་རྟེན་པའི་རྩེ་མོ་རྩེ་བའི་རྡེའུ་ངོས་འཛིན་དང་འདྲ་བར་ཚེགས་མེད་པའོ །ནད་གང་དང་གང་ལའང་གསོ་དཔྱད་སྨན་ཇི་ལྟར་སྦྱར་ཡང་མཆིལ་སྣབས་མང༌བ་དང་ །ལུས་ལྕི་བ་དང་དང་ག་མི་བདེ་ཟས་མི་འཇུ། བཤང་གཅིའི་རྒྱུན་སྐམ་ཁོང་པ་སྦོ་འཕྲོག་འདྲུལ་ཡང་ན་བཤང་གཅི་དུས་མིན་འབྱུང༌། ལུས་ཀྱི་ཤེད་ཆུང་སྐད་དམའ་ནད་རྩེ་མ་ཞིལ་བའི་རྟགསསོ །ནད་གང་ཡིན་ཡང་ཞི་དུས་གོང་ལས་ལྡོག་པའི་རྟགས་རྣམས་འབྱུང༌ དེའང་ནད་མ་ཞི་བར་དུ་བཅོས་ཤིང་ཞི་ཟིན་ནས་སྨན་ལྷག་པར་མི་སྦྱརརོ

བྱེ་བྲག་ཏུ་གསོ་བའི་ཚུལ་ལའང་རྣམ་པ་གསུམསྟེ །མ་ཞུར་བཅས་པ་དང་རྐྱང་པ་རང་རྒྱུད་དང་འདྲེས་པ་བླ་གཉན་གདོན་སོགས་གཞན་དབང་ངོ༌།

དང་པོ་ཕོ་བའི་མེ་དྲོད་ཆུང་བས་ཟས་སྐོམ་མ་ཞུ་བ། །དེ་ཉིད་རླུང་སོགས་གཞན་གྱིས་ཟུངས་བདུན་དྲི་མ་གསུམ་བཅས་གནོད་བྱབཅུར་འདྲེས་པ་རྣམས། ནད་དེ་སྨིན་པར་བྱེད་པ་དང་དྲོད་སྐྱེད་པར་བྱེད་པའི་སྨན་གྱིས་ནད་ཀྱི་རྩེ་བཅིལ་ལ། སྨིན་རྟགས་ཐོབ་ན་སྟོད་སྨད་གང་དང་ཉེ་བའི་གནས་ནས་བཤལ་སྐྱུགས་ཀྱིས་སྦྱང༌བར་བྱ །སྟེང་ནས་སྐྱུགས་དང་འོག་བཤལ་བ་རང་བྱུང་དུ་བྱུང་བ་ནི་སྨན་གྱིས་དེ་ཉིད་དགག་པར་མི་བྱ། ནད་གང་ཡིན་ཀྱང་མ་སྨིན་ན་མི་སྦྱང་ལུས་ཟུངས་ལ་ཞེན་པའི་ཕྱིར་ལུས་ཟུངས་འཇོམསཔས །དཔེར་ན་མ་ལངས་ཆང་ཏེ་ཆན་ལ་ཆུ་བསིངས་བཞིནནོ

མ་ཞུ་མེད་པའི་རང་རྒྱུད་ཅན་གྱི་ནད་རྐྱང་དེ། དང་པོ་ཟས་སྤྱོད་སོགས་ནད་ཀུན་སྐྱེད་པར་བྱེད་པའི་རྒྱུ་ཟས་སྤྱོད་བསྟེན་པས། །ཐོག་མར་རླུང་འཇུག་དེ་ནས་ནད་གཞན་འཇུག་སྟེ། །དེ་དག་ཟས་དང་སྤྱོད་ལམ་གྱིས་སློང་བའི་དུས་མ་འཛོམསབར་དུ །རང་གནས་སུ་གསོག་ཅིང་རིང་པོར་སྡོད་ཅིང་ཁོ་རང་ཤུགས་མི་ཕྱིནཏེ །དཔེར་ན་འཁྲུག་པ་བྱེད་པའི་ཟླ་གྲོགས་སྤུན་བུ་ཆུང་ཤི་བོ་བཞིན། འཕྲོ་བཅད་པའི་བརྡ་རྙིང་བཙིར་ཡང་མི་ལྡོག་པར་འཁྲུགས་པས་རེ་ཞིག་འཕྲོ་ཆད་ནས་བར་དུ་མི་ལྡང་ཞིང༌། སྐབས་ཤིག་སྡོང་ཟླ་གཞན་མི་གྲོགས་དང་འཕྲད་ཚེ་སླར་འཁྲུགས་པར་བྱེད་པ་བཞིན་ནོ། ནམ་ཞིག་ནད་དེ་རྐྱེན་ཕྲད་པ་དང་ནུས་པ་རྙེད་དེ་རང་གནས་ལས་ལྡང༌ །དེ་དག་ཐོག་མར་རླུང་ཞུགས་དེ་རྗེས་ནད་གཞན་བད་མཁྲིས་ཞུགས་ན་ནད་འཁྲུགས་པའི་ཕྱིར། སྣ་ལ་འོ་མ་དང་སྨན་མར་ལྟ་བུས་རླུང་འཇིག་ཅིང་མཁྲིས་པ་འཇུ་བྱེད་ཟས་ཀྱིས་སྨིན་པར་བྱས་པས། །ནད་འཐོར་བྱེད་ཀྱི་རླུང་དེ་ཚར་གཅོད་པས་ནད་གཞན་དེ་ཁོང་པར་བསྡུ། །དཔེར་ན་ཆར་པ་འབེབས་པའི་ཚེ་རླུང་གིས་གནོན་ཏེ་ཉམས་པ་དང་འདྲ། །དེ་ལྟར་ཁོང་དུ་འདུས་ནས་གནས་གང་དང་ཉེ་བའི་ལམ་ནས་བཤལ་སྐྱུགས་ཀྱིས་སྦྱང༌། །ཡན་ལག་ལྟ་བུ་ཕྱིར་གནས་ནད་ཁོང་དུ་མ་འདུས་ན། །རྩ་སྒོ་ཕྱི་ནས་གཏར་ཀ་དང་ནང་ནས་རྩ་སྦྱོང་ཀྱིས་སྦྱངས་ལ་དབྱུང༌ངོ་

གཞན་དབང་ཅན་ནི་སྡོང་ཟླ་བླ་གཉན་བཅས་པའི་ནད་ཡིན་ཏེ། །རང་གི་གནས་ནས་ལངས་ནས་གནས་གཞན་དུ་ཕྱིན། དེར་ཕྱིན་ནས་ཀྱང་རང་གནས་སྔ་མ་ལ་གནོད་ཅིང་འཁྲུག །དེ་སྟོབས་ཆུང་ན་རང་གནས་ཀྱི་ནད་སྔ་མ་གསོ། །ཕྱི་མ་སྟོབས་ཆེ་ན་བླ་གཉན་གྱི་ནད་དེ་བཅོས་པས། །རང་གནས་དུ་གནས་པ་ལ་བཅོས་མི་དགོས་པར་འཚོའོ །དཔེར་ན་རྐུན་མོ་བསྟེན་པའི་རྗེ་བོ་དེ་ཚར་བཅད་རྐུན་པོ་ཚར་གཅོད་མི་དགོས་པ་བཞིནནོ

ཁྱད་པར་དུ་གསོ་བའི་ཚུལ་ལ་རྣམ་པ་དགུཡོད་དེ ནད་གང་ཡིན་མ་རྟོགས་དོགས་བཅས་གདེངས་མ་ཐོབ་བའི་ནདདེ་ལ་ནི བྱི་བས་བྱི་ལ་མ་མཐོང་བྱི་ལས་མཐོང་པའི་ཚེ་བྱི་ལ་འཇབ་པ་ལྟ་བུའི་ཚོད་ལོན་པའི་ཕྱིར་ཐོག་མར་སད་མདས་བཅོས། ནད་གང་ཡིན་ངོས་ཟིན་ཏེ་ངེས་པ་རྙེད་ཅིང་གདེངས་ཐོབ་ན། རི་མཐོ་པོའི་སྤོ་ལ་དར་འཕྱར་བ་ལྟ་བུར་ཐམས་ཅད་ལ་སྒྲགས་ཤིང་དངོས་སུ་བཅོས། ནད་ངོས་ཟིན་ཀྱང་གཉེན་པོ་ཐོག་ཏུ་མི་འབབ་པར་འདུག་ན་ནད་ལམ་གཟུང༌ཅེས་པ་ནད་དེ་དང་པོར་མ་སྨིན་པ་སྨིན་དུ་གཞུག་བྱེར་བ་བསྡུད་པ་སོགས་བྱས་རྗེས་སླར་གཉེན་པོ་དངོས་སུ་བཏང་བ་ཡིན་ནོ །རྟ་རྒོད་དཀྱུས་སུ་འཛུད་པ་ལྟ་བུར་བཅོསཔ་ནི རྟ་རྒོད་འདུལ་ཚེ་ཐོག་མར་འགྲོས་བར་དུ་འདུལ་མཐར་གོམས་དང་མཆོངས་སློབ་པ་ལྟ་བུའོ། སྨན་པ་གཞན་གྱིས་སྔར་བཅོས་ནད་ལ་གཉེན་པོ་དམན་པ་དང་ལྷག་གམ་ལོག་པ་གསུམགྱིས་སྐྱོན་གང་ཡིན ལེགས་པར་རྟགས་ལ་བྱ་སྐྱར་མོ་མཆུ་རིང་གིས་ཆུར་ཉ་ལེན་པའི་ཚེ་ལེགས་པར་བལྟས་ནས་རྩེན་གྱིས་ལེན་པ་ལྟར་གང་ཉེས་པར་བལྟས་ལ་དེ་ཉིད་བཙན་ཚུགས་སུ་འཆོས་པ་བཞིན་དུ་བཅོས། །སྟོབས་ཆེན་མོའི་ནད་བཅོས་པ་ལ་སྨན་དཔྱད་ཟས་སྤྱོད་བཞིས་སྲོག་ལ་ཧབ་ཤ་བྱེད་པའི་སྐབས་ཡིན་པས་སྨན་དཔྱད་ཟས་སྤྱོད་བཞི་ཀས ལག་གཏོད་ལ་བཅོས་དགོས་ཏེ་དཔེར་ན་མི་ཤ་བུ་ལོང་ཟུག་པ་ལྟར་འཕྲང་དུ་ཕྲད་ན་ལག་གང་མྱུར་བ་དེས་གཅིག་ཤོས་གསོད་པ་ལྟ་བུར་བཅོས། །སྟོབས་ཆུང་ནད་ལ་ནི་སྤྱོད་ལམ་དང་ཟས་སྨན་དཔྱདརྣམས སྐས་གདང་ལྟ་བུར་མས་ནས་ཡར་འཛེག་རིམ་པས་བཅོསདགོས་ཏེ་ཐོག་མར་སྤྱོད་ལམ་དང་དེ་རྗེས་ཟས་དེ་རྗེས་སྨན་དེ་རྗེས་དཔྱད་བཅས་གང་འོས་བྱ སྡོང་ཟླ་མེད་པའི་རྐྱང་པའི་ནད་ལ་དཔའ་བོས་དགྲ་འདུལ་བའི་ཚེ་དགྲ་གང་ཡིན་བཏུལ་ནས་གཞན་མི་འཚེས་པ་བཞིན། རྐྱང་པའི་ནད་དེ་གཞིལ་ནས་ཉེས་པ་གཞན་ལ་གནོད་པ་མེད་པའི་སྦྱོར་བས་བཅོས། ནད་ལྡན་པ་དང་ཉེས་གསུམ་འདུས་པའི་ནད་ལ་འདུ་བ་གསུམ་ག་ཆ་སྙོམས་པར་བཅོས་གཅེསཔ་དེ་ཡང་ །གཙོ་བོས་ཡུལ་གྱིས་དམེ་ཤོར་བའི་འཁྲུགས་པ་ཟླུམས་པའི་ཚེ་ཆ་སྙོམས་ཉེ་རིང་མེད་པར་ཟླུམས་པ་ལྟ་བུར་བཅོས། མདོར་ན་དེ་དག་ཀུན་ལ་གནོད་བྱ་ལ་སོགས་པའི་ཆོས་བཅུར་སྦྱར གནོད་བྱ་ནི་རྒྱུད་ལས། གནོད་བྱ་རང་བཞིན་ཡུལ་དུས་ན་ཚོད་དང་། ཞེས་པ་ནས་གོམས་པ་འདི་བཅུ་ཞེས་པའི་བར་རོ། དེ་དག་མཛོ་ཁལ་ལུག་གིས་མི་ཐེག་པ་དང་ལུག་ཁལ་མཛོ་ལ་ཡང་བ་ལྟ་བུར་ནད་ཆེན་པོར་འཚམ་པས་ངང་ནས་བཅོསདགོས་སོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་ཚུལ་སྤྱིར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།