སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༦། སྤང་བླང་མུ་བཞིར་བརྟག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉེར་དྲུག་པ། སྤང་བླང་མུ་བཞིར་བརྟག་པ།

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ་ནི། །གསོ་སླ་བ་དང་གསོ་དཀའ་བ་དང་གསོ་བ་རུང་ཙམ་དང་སྤང་བ་བཅས་བཞིལས

དང་པོ་གསོ་སླ་བ་ནི་ཡན་ལག་ལྡན་པ་དང༌། །གང་ཟག་དང་ནད་ཀྱི་སྒོ་ནས་གསོ་སླ་བའོ

ཡན་ལག་སྒོ་ནས་གསོ་བར་སླ་བ་ནི། །སྨན་པ་སྨན་དང་ནད་གཡོག་རྣམ་པ་གསུམཡིན་ཏེ །སྨན་པ་གཞུང་ལུགས་ལ་མཁས་པའི་གོ་སའི་སྟེགས་ལ་འཛེགས་པ་སྟེ་ཡོན་ཏན་གྱིས་ཕྱུག་པ་དང༌། རྒྱུད་དང་མན་ངག་ལག་ལེན་གསུམ་ཆུབ་པའི་ཕྱིར་མན་ངག་ཙག་ཙིག་མ་ཡིན་པར་གཞུང་གི་དོན་ཤེས་པ་དང་ལག་ལེན་གྱི་ལས་རྣམས་མཐོང་བ་བརྒྱུད་པའི་དམར་ཁྲིད་དང་ལྡན་ཞིང་སྒོ་གསུམ་གྱི་སྤྱོད་པ་གཙངབ་ནི་སྨན་པའི་ཡན་ལག་བཞིའོ། ཙ་ར་ཀ་ལས། སྨན་པ་བློ་ལྡན་ཤེས་རབ་ཅན། རང་གི་ཡོན་ཏན་ཕུན་སུམ་ཚོགས། སྙིང་རྗེའི་སེམས་ཀྱིས་ཕྱུག་པ་ནི། སྨན་པ་ཀུན་གྱི་སྤྱི་རྒྱན་ཡིན་ཞེས་གསུངས་སོ།

སྨན་གྱི་ཡན་ལག་ནི་སྨན་རིགས་གཅིག་ལའང་སྦྱར་ཚུལ་གྱི་ཆོ་ག་མང་བ་དང་ཡོན་ཏན་མང་དུ་ལྡནཔ་དང་ སྨན་གྱི་མཚན་ཉིད་ཕུན་སུམ་ཚོགས་ཤིང་རོ་ནུས་ཞུ་རྗེས་རྣམས་འཕྲོད་པར་སྦྱར་་ནི་སྨན་གྱི་ཡན་ལག་བཞིའོ།

ནད་གཡོག་གི་ཡན་ལག་ནི་ནད་ལ་ཕན་གནོད་ཤེས་པར་ནད་གསོ་བའི་རིངས་རིག་པ་སྒྲིན་པ་དང་ནད་པ་ལ་ལྷག་པར་བརྩེ་བའི་འཆང་བ་དང་ནད་པའི་ཟས་གནས་མལ་ཀུན་གཙང་སྦྲ་བྱེད་ཐུབ་པ་དང་བྱ་བ་གང་ལ་ཡང་མ་རྨོངས་པར་བློ་དང་ལྡནཔ་སྟེ་ནད་གཡོག་གི་ཡན་ལག་བཞིའོ། དེ་ལྟར་སྨན་དང་སྨན་པ་ནད་གཡོག་གསུམ་པོར་ཡན་ལག་བཅུ་གཉིས་ལྡན་ན་གསོ་བ་སླབ་ཡིན་ནོ

གང་ཟག་ནད་པབུད་མེད་མ་ཡིན་པར་སྐྱེས་བུ་རིགས་བཟང་གཞོན་ཞིང་དུལ དཔྱད་སོགས་བཟོད་པའི་སྙིང་སྟོབས་ལྡན་ཞིང་སྨན་ཀུན་སྔར་ནད་སོགས་སྨན་དཔྱད་བྱས་ཟིན་ནའང་སྟོབས་དང་དཔྱད་ལ་ཞེ་སྣང་མེད་པ་བཟོད་པའི་ལུསདང་ ནོར་རྫས་ཕྱུག་པ་དང་སྨན་པའི་བསྒོ་བ་ཉན་ལ་དེའི་དོན་ཤེས་པར་ནུསཔ་དང་ སྨན་པས་དྲིས་པའི་ནད་དང་རྟགས་ཟློས་མཁས་པ་ནི་གསོ་སླའི་ཡུལ་ཡིན་ནོ

ནད་ཀྱི་སྒོ་ནས་གསོ་བར་སླ་བ་ནི། ནད་གཞི་རྒྱུ་དང་ཟས་སྤྱོད་གོ་བ་མ་ལོག་པ་སྔར་ཚུལ་དང་ནད་སྟོབས་རྒྱས་ཀྱང་མཚན་ཉིད་ཆུང་བ་དང༌། །རླུང་རུས་པར་མ་ཞུགས་པ་དང་། མཁྲིས་པ་རྔུལ་དང་ཁྲག་ལ་མ་ཞུགས་པ་དང་། བད་ཀན་དྭངས་མ་ཤ་ཚིལ་རྐང་ཁུ་བར་མ་ཞུགས་པས་གནོད་བྱ་དང་། རླུང་ཡུལ་གྲང་སར་མ་ཞུགས་པ་དང་། མཁྲིས་པ་ཚ་གདུང་ཆེ་སར་མ་ཞུགས་པ་དང་། བད་ཀན་རླན་ཅན་སྣུམ་པའི་ཡུལ་དུ་མ་ཞུགས་པའི་ཡུལ་དང་། །དུས་རླུང་ནད་དབྱར་དང་མཁྲིས་ནད་སྟོན་ཀ་དང་། བད་ཀན་དཔྱིད་ཀའི་དུས་སུ་ལྡང་བ་དང་། རང་བཞིན་རླུང་གི་མི་ལ་རླུང་ནད་དང་། མཁྲིས་པའི་མི་ལ་མཁྲིས་ནད་དང་། བད་ཀན་གྱི་མི་ལ་བད་ཀན་གྱི་ནད་མ་ཞུགས་པས་མི་མཚུངས་པ་དང༌། དང་པོ་ནི་གནོད་བྱེད་བླ་གཉན་གདོན་སོགས་མེད་པ་ལ་ལམ་གཅིག་སྟེ་འཇུག་སྒོ་གང་རུང་གཅིག་ལ་ནད་རྐྱང་པ་ཞུགས་པ་དང་ཡུན་མ་ལོན་པའི་གསར་པ་ནི་གསོ་སླ་བ་ཡིན་ལ །འོན་ཀྱང་རིམས་ལ་ཡུལ་སྐམ་སར་ཚ་གདུང་ཅན་དང་སྟོན་དུས་མཚུངས་པ་སོགས་དང༌། །ཆུ་འགགས་ནད་ལ་གནོད་བྱ་བཤང་གཅི་གཉིས་ཀ་མཉམ་དུ་འགགས་པ་དང༌། །ཁྲག་སྐྲན་རྙིང་པ་རུལ་ནས་གསོ་བ་སླ་ཞེས་བྱ།

གསོ་དཀའ་བ་ནི་སླ་བ་དེ་དག་དང་གོ་བཟློག་པ་དང་འདྲེསཔས སྨན་པས་ཐབས་མང་པོ་དང་ཡུན་རིང་པོར་གསོ་བ་དགོས་པས་གསོ་ཁག་པའོ།

ཡན་ལག་བཅུ་གཉིས་འདི་དག་དེ་ལས་གོ་ལྡོག་པར་གྱུར་པ་ཟས་སྤྱོད་གོམས་པ་དང་ཕན་པ་ཉིད། །ཚེ་ཡི་ལྷག་མ་ལུས་པར་སྲིད་པས་གསོ་བ་ཙམ་སྟེ་འཚོ་འཆི་གང་ཡང་ཁས་མི་ལེན་ནོ

སྤང་བར་བྱ་ལ་གསོ་ཐབས་ཡོད་པ་དང་མེད་པ་གཉིསལས ཆོས་ལྡན་གྱི་རྒྱལ་པོ་དང་བླ་མ་དགེ་བའི་བཤེས་གཉེན་ཆོས་སྨྲ་བ་དང་འགྲོ་བ་ཀུན་ལ་སྡང༌བར་བྱེད་པ་དང་ །སྨན་པས་བྱས་པ་མི་གཟོ་ཞིང་ཚུར་སྨན་པར་བརྙས་པ་བྱེད། །བྲེལ་བ་ཅན་དང་འབྱོར་པ་མི་ལྡན་པ་དང་སྒོ་བ་ཉན་མི་བཏུབཔ་དང་ །ཚེ་ཟད་པ་དང་མྱ་ངན་གྱིས་མནན་པ་དང་ང་རྒྱལ་གྱིས་བསྟན་པ་བཤིག་པ་དེ་འདྲ་གསོས་ན། །སྐྱེ་བོའི་ཡ་ག་གྲགས་པ་ངན་པ་རང་ལ་འབྱུང་བའི་ཕྱིར། །ནད་གསོ་བའི་ཐབས་ཤེས་ཡོད་ཀྱང་དེ་དག་སྤང་བར་བཤད་པ་ཡིནནོ

ནད་གསོ་ཐབས་མེད་པས་སྤང་བར་བྱ་བ་ནི། གོང་དུ་བཤད་པའི་ཡན་ལག་བཅུ་གཉིས་པོ་ཤིན་ཏུ་ཕྱིན་ཅི་ལོག་ཏུ་སོང་བ་དང་འཆི་ལྟས་ཚང་མའམ་ཕལ་ཆེར་སྣང༌ འཚོ་བ་གསུམ་ཟད་སོགས་སྲོག་གཅོད་ནད་དགུས་དེའི་ལུས་བཟུང་བ་རྣམས་ནི་སྤངབར་བྱའོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྤང་བླང་མུ་བཞིར་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། དེ་ལྟར་ལེའུ་གསུམ་ནི་ངོས་གཟུང་རྟགས་ཀྱི་གནས་ཏེ་དགུའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:43 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།