སྨན་རྩིས་དྲ་བ། - མདུན་ངོས།

ཡིད་སྐྱོའི་གནས་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.10.2024
མདུན་ངོས། >>



འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ།

 

ཕྱི་ལོ་ ༢༠༢༤  ཟླ་ ༡༠ ཚེས་ ༢༣ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས་མཆོག་ཨ་རིའི་གྲོང་ཁྱེར་ཕི་ལཱ་ཌལ་ཕི་ཡ་ཡི་རང་ཁྱིམ་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག  སྤྱི་ཚེས་ ༢༥ ཉིན་རྒྱབ་ཞིང་གཤེགས་དམ་པ་དེའི་ཆེད་སྨན་རྩིས་འགོ་ལས་ཡོངས་ནས་མཆོད་ཁང་དུ་ལྷན་འཛོམས་ཐོག་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཚོགས་པ་དང་། ཚོུད་ ༤ ནས་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་བྱེད་ལས་མཚམས་བཞག་གནང་ཡོད།

ཞིང་གཤེགས་དམ་པ་ཁོང་ནི་བོད་རང་བཙན་ཡིན་པའི་སྐབས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་ནང་དུ་ཞབས་ཞུ་བསྒྲུབས་མྱོང་མཁན་གཞུང་ཞབས་རྒན་གྲས་ཤིག་ཡིན། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་དབང་སྒེར་ལངས་སྐབས་དངོས་སུ་ལས་འགུལ་ནང་ཞུགས་རྗེས་རྒྱ་དམར་གྱིས་འཛིན་བཟུང་རྗེས་ལོ་ངོ་བཅོ་ལྔ་ཙམ་བཙོན་འཇུག་སྡུག་སྦྱོང་མྱངས་ཡོད།  ཁོང་ ༡༩༨༥ ལོར་རྒྱ་གར་དུ་བྲོས་བྱོལ་ཕེབས་ཏེ་སླར་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་མུ་མཐུད་གནང་ཡོད། ཕྱི་ལོ་ ༡༩༨༨  ལོར་ཆོས་རིག་དང་འཕྲོད་བསྟེན་ལས་ཁུངས་གཉིས་ཀྱི་བཀའ་བློན་གྱི་ལས་ཁུར་བཞེས། ཕྱི་ལོ་ ༡༩༩༠ ནས་ ༡༩༩༣ བར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱི་ལས་ཁུར་བཞེས།  ༡༩༩༩ ལོར་དམ་པ་ཁོང་བགྲེས་ཡོལ་དུ་མ་ཕེབས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཡང་མཛད་ཁུར་གནང་ཡོད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་དམ་པ་འདི་མགྱོགས་ནས་མྱུར་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེས་ནས་མངོན་མཐོའི་ལུས་རྟེན་བསྟུད་མར་བརྒྱུད་མར་གྱུར་སེམས་ཅན་ཐམས་ཅད་སླད་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བསྔོ་སྨོན་ཞུ།།

དམ་པ་དེས་ལོ་ངོ་གསུམ་རིང་སྨན་རྩིས་ཁང་གི་འགན་འཛིན་སྐབས་བརྒྱད་པ་གནང་བའི་དུས་ཀྱི་མཛད་རྗེས་རྣམས་《བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས་དོན་ལྡན་ཚངས་ཐིག》 ཅེས་བྱ་བའི་ལོ་རྒྱུས་གླེགས་བམ་ནང་གསལ་བ་འདིར་ནོན་ནས་གཟིགས་ཐུབ།

འདིར་ནོན།   འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་སྐབས་བརྒྱད་པའི་སྐབས། (༡༩༩༠ - ༡༩༩༣)







མཐའ་མའི་འདོན་ཐེངས་།: 28.10.2024 ཉིན། 12:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།