སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.03.2025
ཆེད་རྩོམ། >>

༄༅། །བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན་བློ་གསར་ལྡེ་མིག
          

 སྨན་པ་ཉེ་བའི་འབུམ་རམས་པ་བསྟན་འཛིན་མཐའ་ཡས་ཀྱི་ཕྱོགས་སྒྲིག་ཞུས།


བོད་ཀྱི་གསོ་བ་རིག་པའི་གཞུང་དུ་གསུངས་པའི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞིའི་ཡ་གྱལ་རྩུབ་དཔྱད་མེ་བཙའི་བཅོས་ཐབས་གྱི་གསང་དམིགས་རྣམས་ཀྱི་གསང་གནས་དང་ཕན་ཡོན་བཅས་ཀྱི་སྐོར་མདོ་ཙམ་བརྗོད་པ་ལ། གཙོ་བོ་གསོ་རིག་རྒྱུད་བཞིའི་ཕྱི་མོ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་མེ་བཙའི་ལེའུའི་ནང་དངོས་སུ་གསུངས་པའི་གསང་དམིགས་རྣམས་དང་། དེ་བཞིན་གཞུང་གཞན་དུ་གསལ་བའི་གསང་དམིགས་ཁག་བཅས་གང་རྙེད་ཅིག་ཕྱོགས་བསྡུས་བྱས་ནས། སྨན་པ་གཞོན་པ་རྣམས་ཀྱིས་ལག་ལེན་དངོས་ཀྱི་སྐབས་སུ་བལྟ་བདེ་དང་སྤྱོད་བདེའི་དོན་དུ་གང་གསལ་འགོད་པར་བྱ། དེ་ཡང་གསོ་རིག་རྒྱུད་བཞི་ནི་བོད་ཀྱི་གསོ་དཔྱད་ཀུན་གྱི་སྙིང་པོ་ཡིན་པས་དེའི་ནང་དུ་མེ་བཙའི་གསང་དམིགས་དོན་གཅིག་གི་གསང་གནས་དང་ཕན་ཡོན་བཅས་ཞིབ་རྒྱས་གསུངས་ཡོད་པ་དང་། དེ་བཞིན་མཁས་པ་གཞན་ཀྱིས་གསུངས་པའི་མེ་བཙའི་སྐོར་མང་དུ་ཡོད་པའི་ནང་ནས་སྔོན་གྱི་མཁས་དབང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་མེ་བཙའི་གདམས་པ་རྒྱས་སྤྲོས་གསལ་སྟོན་ཤེལ་དཀར་མེ་ལོང་དང་། དེ་བཞིན་དེང་རབས་མཁས་དབང་སློབ་དཔོན་ཁྲོ་རུ་ཚེ་རྣམ་གྱིས་བརྩམས་པའི་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། སྨན་པ་འབུམ་རམས་པ་བཀྲ་རྒྱལ་གྱིས་མཛད་པའི་ཤེལ་དཀར་མེ་ལོང་གི་འགྲེལ་བ་བློ་གསར་དགྱེས་པའི་སྒྲོན་མེ། མཁས་དབང་གདུགས་དཀར་དང་འོ་ཚོགས་ཆེན། དོན་གྲུབ་ཚེ་རིང་གསུམ་གྱིས་མཛད་པའི་མེ་བཙའི་རྣམས་བཤད་མཐོང་བ་དོན་ལྡན་སོགས་མཇལ་བ་རྣམས་ཀྱི་ནང་དུ་བཞུགས་པའི་གལ་ཆེའི་གསང་གནས་དང་། དེ་རྣམས་ཀྱི་ཕན་ཡོན་བཅས་ཞིབ་ཕྲ་བཀོད་ཡོད་པ་རྣམས་དང་། ཁྱད་པར་དུ་འབུམ་རམས་པ་བཀྲ་རྒྱལ་མཆོག་གིས་མཛད་པའི་བློ་གསར་དགྱེས་པའི་སྒྲོན་མེའི་ནང་དུ་གསང་དམིགས་མཚོན་པའི་ཚོན་རིས་ཅན་གྱི་རི་མོ་བཅས་ཡོད་པས་གསལ་ཁ་གང་ཆེ་དང་སྤྱོད་བདེ་ཡོད་པ་རྣམས་ཕྱོགས་བསྡུས་ཀྱིས་རང་བློར་གོམས་པ་དང་བློ་གསར་རྣམས་ལ་བལྟ་བདེ་ཡོང་ཆེད་ཅུང་ཙམ་ཕྱོགས་སྒྲིག་ཞུ་བ་ལ། རྒྱབ་གསང་དང་། མདུན་གསང་། ཡན་ལག་གི་མགོའི་གསང་། ལག་པའི་གསང་། རྐང་པའི་གསང་དམིགས་བཤད། བད་ཀན་མགུལ་འགག་དང་ཕོ་ཐོག་གི་གསང་། གསང་ལ་མ་ལྟོས་པའི་གདབ་དམིགས། གདབ་སའི་གནས་མ་ཡིན་པ་བཅས་ས་བཅད་བརྒྱད་ཀྱི་སྒོ་ནས་འགྲེལ་བར་བྱའོ། །

དང་པོ། རྒྱབ་གསང་།
༡། རླུང་གསང་།

གསང་གནས། ལུས་དྲང་པོར་སྲང་ལ་མགོ་བོ་མདུན་དུ་སྒུར་བས་གཉའ་ལྟག་རུས་པ་འབུར་པོ་ཆེན་པོ་དོན་པ་དེར་ཨན་སྟོང་ཚིགས་པ་དང་པོར་གདབ་པ།
གསལ་བཤད། ༡། སྒལ་ཚིགས་ཀྱི་གསང་རྣམས་ལ་ཚིགས་པའི་མཁར་རམ་རུས་པ་འབུར་བོའི་ཐོག་ཏུ་གདབ་པ་དང་། ཡང་ན་མཁར་མཚམས་ཞེས་རུས་པ་འབུར་བོའི་འོག་གི་ཚིགས་མཚམས་སུ་གདབ་པ་གཉིས་ཡོད་པས་གང་གོམས་གང་དགར་གདབ་པས་ཆོག མཁས་པ་འགས་ནམ་རྒྱུན་ཚིགས་མཁར་རུང་འབུར་སྒང་ལ་གདབ་པ་དང་། ནད་ཚབས་ཆེ་བར་མཁར་མཚམས་སུ་གདབ་དགོས་པར་གསུང་ཡོད། གང་ལྟར་ཚིགས་འབུར་སྒང་དུ་གདབ་ན་མེ་བཙའ་ཆེ་ཙམ་དང་། ཚིགས་འབུར་འོག་གི་ཚིགས་མཚམས་སུ་གདབ་ན་མེ་བཙའ་ཆུང་ཙམ་བྱ་དགོས་པའི་གསུངས་རྒྱུན་འདུག་པས་དཔྱད་པར་འཚལ།

                                འདིར་གནོན། རྩོམ་ཡིག་ཆ་ཚང་བ་གཟིགས།

མཐའ་མའི་འདོན་ཐེངས་།: 11.03.2025 ཉིན། 10:19 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།