སྨན་རྩིས་དྲ་བ། - མདུན་ངོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.11.2024
མདུན་ངོས། >>


འདི་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།


འདི་ཟླའི་ཚེས་ ༨ རེས་གཟའ་པ་སངས་ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་སྤྱི་ཁྱབ་དྲུང་ཆེ་གཙོས་སྨན་རྩིས་ལས་བྱེད་ལྔ་བཅུ་ལྷག་སྔ་དྲོའི་ཆུ་ཚོད་ ༧ ཙམ་ནས་ཐོན་ཅིང་། ཆུ་ཚོད་གཅིག་ལྷག་དྷ་སྟེང་རི་རྩེར་གོམ་བགྲོད་བྱས་ཏེ་ཕྱི་རོལ་པའི་གཱ་ལུ་ལྷ་ཁང་གི་རི་མགོར་འབྱོར། དེ་ནས་གྲ་སྒྲིག་ཚོགས་ཆུང་གིས་བཞེས་བག་དང་གསོལ་ཇ་འདེགས་གནང་རྗེས། སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་ས་བདག་འཁྲུག་བཅོས་ཀྱི་མཆོད་པ་རྒྱས་པར་བཤམས་ནས་གྲུབ་ཐོབ་པདྨ་རྒྱལ་པོའི་གསང་སྒྲུབ་གཞིར་བཟུང་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་དང་སྨན་རྩིས་བསྟན་རྒྱས་སྨོན་ལམ་སོགས་ཉེར་མཁོའི་ཞལ་འདོན་ཁག་ དབྱངས་རྟར་བསྐྱོན་ཏེ་འདོན་གནང་མཛད་སོང་། གཞན་ཡང་དེ་དུས་སྐད་གསང་མཐོན་པོའི་སྒོ་ནས་རྣམ་ཐར་དང་ལྷ་རྒྱལ་བཏང་སྟེ་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ཕྱག་ལེན་ཡོངས་སུ་ལེགས་གྲུབ་བྱུང་བ་རེད། 

ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ཕྱག་སྲོལ་འདི་ནི་སྔ་མོ་ྋསྐྱབས་རྗེ་རྗོགས་ཆེན་དགའ་ནོར་རིན་པོ་ཆེས་ཇི་ལྟར་བཀའ་སློབ་ལམ་སྟོན་གནང་བ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་ཀྱང་འདི་གལ་ཆེ་དོན་ཆེན་དུ་བཟུང་སྟེ་ལོ་སྟར་ཆགས་མ་ཆད་པར་སྒྲུབ་བཞིན་ཡོད། འདིའི་བརྒྱུད་ནས་སྤྱིར་སྨན་རྩིས་བསྟན་པ་རྒྱས་ཤིང་འགྲོ་དོན་གོང་འཕེལ་དང་། ཡང་སྒོས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ཞིང་། ངེད་ཅག་མིའི་སྒོ་གསུམ་གྱི་སྤྱོད་ལམ་ལོག་པའི་དབང་གིས་ས་བདག་འཁོན་པ་ལས་འབྱུང་ཉེན་གནོད་འཚེ་ལས་སྲུང་ཐབས་ཤིག་ཀྱང་ཆགས་ཡོད།

དེ་གྲུབ་མཚམས་གོ་སྒྲིག་ཚོགས་ཆུང་ནས་དགུང་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས། ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ནས་ལས་བྱེད་རྣམས་རིམ་བཞིན་རང་གནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཕྱིར་ལོག་གནང་སོང་།།







མཐའ་མའི་འདོན་ཐེངས་།: 11.11.2024 ཉིན། 2:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།