སྨན་རྩིས་དྲ་བ། - མདུན་ངོས།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.01.2025
མདུན་ངོས། >>




བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོར་བོད་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་གྱི་གོད་ཆགས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་སྲི་ཞུ་བ་རྣམ་པ་དང་།  འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གཙོས་པའི་ཚོགས་པ་ཁག་གི་ལས་བྱེད། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་དང་། དེ་བཞིན་དྷ་ས་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་འབྱུང་བཞིའི་གནོད་འཚེ་འདིའི་འོག་འདས་གྲོངས་སུ་སོང་བ་དང་། རྨས་སྐྱོན་བྱུང་བ། ལུས་སེམས་གཉིས་ལ་འཚེ་བས་མནར་བའི་རང་རིགས་རྣམས་ཀྱི་ཆེད་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།



ད་ལྟའི་དུས་ཚོད་ཁག་པའི་སྐབས་འདིར་མི་ཚང་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་བོད་ནང་འབྱུང་བའི་གནོད་སྐྱོན་འདིའི་རྐྱེན་པས་དཀའ་ངལ་འཕྲད་པར་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་འཛམ་གླིང་ས་ཕྱོགས་གང་དུ་ཡིན་ནའང་དཀའ་ངལ་འཕྲད་བཞིན་པ་དག་གི་ཆེད་ཆུ་ཚོད་ ༤།༣༠ བར་སྨོན་ལམ་གསུང་འདོན་གྱིས་མཆོད་འབུལ་གནང་ཡོད་པ་བཅས།




གོང་གི་པར་རིས་རྣམས་དབུས་བོད་མའི་སྒྲིག་འཛུགས་ཀྱི་དྲ་རྒྱས་ལས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 09.01.2025 ཉིན། 11:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།