སྨན་རྩིས་དྲ་བ། - མདུན་ངོས།

སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་།

བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་འོག་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ད་བར་ཐེངས་བདུན་ཚོགས་ཡོད་ཅིང་། ཕྱི་རྒྱལ་བ་ཚོར་ཆེད་དམིགས་ཟབ་སྦྱོང་ཐེངས་བཞི་གནང་ཡོད་པ་ལྟར། འདི་ལོར་སེམས་ཁམས་རྨང་གཞི་དང་འབྲེལ་བའི་་ཟབ་སྦྱོང་རིམ་པ་གཉིས་ཚོགས་ཡོད། རྒྱས་པར་གཟིགས་་

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན།

བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་ཞུས་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་བཞིན་ཕྱི་ལོ་༢༠༡༦ ཟླ་ ༡༠ ཚེས ༡༢ ནས ༡༤  བར་བཞུགས་སྒར་དྷ་ས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཚོགས་ཡོད་ཅིང་། ཉིན་དང་པོའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཕེབས་ཡོད། རྒྱས་པར་གཟིགས་་

སྨན་རྩིས་ཁང་གིས་གསར་འགོད་གསལ་བསྒྲགས།

ཕྱི་ལོ་༢༠༡༦ ཟླ་༩ ཚེས་༡༦ ཉིན་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལ་དྭགས་ཁུལ་ནས་སྨན་པ་རེ་ཟུང་གིས་གསོ་བ་རིག་པ་དངོས་མེད་རིག་རིག་གནས་ཤུལ་བཞག་ཁོངས་སུ་དེབ་སྐྱེལ་ཞུ་བཞིན་པ་དེ། གལ་ཏེ་དཔལ་ལྡན་རྒྱུད་བཞི་དང་འབྲེལ་བ་ཡོད་ན་གཏན་ནས་མི་འགྲིག་པའི་སྐོར་བསྒྲགས་ཡོད། རྒྱས་པར་གཟིགས་་

ཝེཊ་ནམ་ཆོས་གྲོགས་བརྒྱ་སྐོར་ཞིག་སྨན་རྩིས་ཁང་དུ་ཕེབས།

བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་མཆོག་དང་གངས་ལྷ་མེ་ཏོག་ཐེབས་རྩ(Members of Snow Lotus Foundation, Vietnam)འི་བར་ལོ་ཤས་ནས་འབྲེལ་བ་དམ་ཟབ་ཡོད་པར་བརྟེན་ད་རེས་ཆོས་གྲོགས་ཁོང་རྣམས་གསུང་ཆོས་ཞུ་བ་དང་སྟབས་བསྟུན་སྨན་རྩིས་ཁང་དུ་ཆེད་དམིགས་གཟིགས་སྐོར་ཕེབས་ཐུབ་པ་བྱུང་ཡོད། རྒྱས་པར་གཟིགས་་

ནང་ཆོས་འཆད་འཁྲིད།

དགེ་བཤེས་བསྟན་པ་བཀྲིས་ལགས་ནས་སྨན་རྩིས་ལས་སློབ་དོན་གཉེར་ཅན་རྣམས་ལ་རེས་གཟའ་ལྷག་པ་འཆར་ཅན་སྒོམ་སྒྲུབ་ཉམས་ལེན་བྱེད་སྟངས་སྐོར་སློབ་འཁྲིད་དང་།   དགེ་བཤེས་བློ་བཟང་ཟླ་བ་ལགས་ནས་ནང་དོན་རིག་པ་ནས་གསུངས་པའི་སེམས་ཁམས་འཕྲོད་བསྟེན་སྐོར་སློབ་འཁྲིད་གནང་གཏན་འཁེལ་ཡོད། རྒྱས་པར་གཟིགས་་

ལ་དྭགས་སུ་རིན་མེད་སྨན་སྦྱིན་གོ་སྒྲིག་ལེགས་གྲུབ།

སྨན་རྩིས་ཁང་གི་ཡན་ལག་ལ་དྭགས་བོད་ཀྱི་སྨན་རྩིས་རིག་གཞུང་བསྟི་གནས་ཁང་ནས་ཕྱི་ཟླ་ ༨ པའི་ནང་དུ་ལ་དྭགས་ཁྲིག་རྩེ་དབྱར་ཆོས་ཆེན་མོའི་སྐབས་དང་དེ་བཞིན་ྋགོང་ས་མཆོག་གི་གསུང་ཆོས་སྐབས་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་མི་རིགས་དབྱེར་མེད་ཀྱི་མང་ཚོགས་ཀྱི་འཕྲོད་བསྟེན་གཅེས་སྲུང་ལ་དམིགས་ཏེ་སྨན་སྦྱིན་ཞབས་འདེགས་ཐེངས་གཉིས་གོ་སྒྲིག་ལེགས་པར་ཞུས་ཡོད། རྒྱས་པར་གཟིགས་་

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་ (4th Conference on Body, Mind & Life) དེ་འདི་ལོའི་ཟླ་༡༠ ཚེས་ ༡༢ - ༡༤ སྟེ་ཉིན་གསུམ་རིང་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་སྨན་རྩིས་མཐོ་སློབ་ཚོགས་ཁང་ཆེན་མོའི་ནང་དུ་གོ་སྒྲིག་ཞུ་རྒྱུ་ལགས་ན་རྒྱ་ཆེ་དོན་གཉེར་ལྡན་པ་རྣམས་ནས་གཤམ་གསལ་གནད་དོན་དག་ལ་ཐུགས་སྣང་ཡོང་བར་ཞུ། རྒྱས་པར་གཟིགས་་

གསོ་རིག་བཅོས་ཐབས་སྐོར་བགྲོ་གླེང་ཚོགས་འདུ།

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༩ ཉིན་རྒྱལ་ས་ལྡི་ལིར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་སྨན་པ་གཙོ་བོ་ གཉིས་གཙོས་སྨན་ལས་གྲངས་ ༡༡ དང་།  ལྡི་ལི་ཁུལ་གྱི་སྨན་ལས་གྲངས་ ༥ བཅས་ཁྱོན་སྨན་ལས་གྲངས་ ༡༦ བགྲོ་གླེང་ཚོགས་འདུ་དེར་མཉམ་ཞུགས་གནང་ཡོད།  དེའི་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠།༣༠ ཙམ་ལ་ལས་རིམ་དབུ་འཛུགས་ཀྱིས་དབུ་འབྱེད་མཛད་སྒོར། རྒྱས་པར་གཟིགས་་

འཕྲོད་བསྟེན་བཀའ་བློན་མཆོག་ལ་འཚམ་འདྲིའི་མཛད་སྒོ།

ཕྱི་ལོ་ ༢༠༡༦ ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅོ་ལྔ་པའི་འཕྲོད་བསྟེན་བཀའ་བློན་གསར་པ་སྐུ་ངོ་ཆོས་སྐྱོང་དབང་ཕྱུག་མཆོག་དང་། འཕྲོད་བསྟེན་ལས་ཁུངས་དྲུང་ཚབ་སྐུ་ངོ་འཆི་མེད་རིག་འཛིན་རྣམ་གཉིས་བསྐོ་བཞག་བྱུང་བར་ཕྱི་ཟླ་༧ ཚེས་༤ ཉིན་སྨན་རྩིས་ཁང་འགོ་ལས་ཡོངས་ནས་དགའ་སྤྲོའི་ངང་འཚམ་འདྲིའི་མཛད་སྒོ་ཞིག་བསྐྱངས་གནང་བ་རེད། རྒྱས་པར་གཟིགས་་

གཉན་འཇོམས་སྨན་གྱིས་ཕན་ནུས་ཐོན་རྒྱུ་མེད་པའི་རྒྱུ་རྐྱེན་དྲུག

ཕྱི་ལོ་༡༩༤༠ ཙམ་ནས་མིའི་རིགས་ཀྱིས་གཉན་འཇོམས་སྨན་རྣམས་བེད་སྤྱོད་བྱས་ཏེ་གཉན་ནད་ཇེ་ཉུང་དུ་སོང་བ་མ་ཟད་གཉན་ནད་རྐྱེན་གྱིས་འདས་གྲོངས་སུ་འགྱུར་མཁན་ཡང་ཇེ་ཉུང་དུ་སོང་ཡོད། འོན་ཀྱང་གཉན་འཇོམས་སྨན་རྣམས་དགོས་མེད་བེད་སྤྱོད་བཏང་བའི་རྐྱེན་གྱིས་ད་ལྟའི་ཆར་ཕན་ནུས་ཇེ་ཞན་དུ་གྱུར་ཏེ་སྨན་བཅོས་ཀྱི་འགྲོ་སོང་ཆེ་བ། ནད་ཡུན་རིང་བ། འཆི་མཁན་མང་བ་བཅས་འབྱུང་བཞིན་འདུག རྒྱས་པར་གཟིགས་་

རིན་མེད་ཀྲུང་དབྱིའི་སྨན་བཅོས་ཞབས་ཞུ།

ཐའེ་ཝན་སྤྱན་རས་གཟིགས་བྱམས་བརྩེའི་ཚོགས་པ་དང་། སྨན་རྩིས་ཁང་གཉིས་ཟུང་འབྲེལ་ཐོག་བཞུགས་སྒར་དྷ་ས་ཁུལ་དང་། ཅོན་ཏ་ར། དེཧ་རཱ་དྰུན་བདེ་སྐྱིད་གླིང་གཞིས་སྒར་བཅས་སུ་རིན་མེད་སྨན་བཅོས་གོ་སྒྲིག་ཞུས་ཡོད།  བྱམས་བརྩེའི་ཚོགས་པ་འདི་ནི་ལོ་མང་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རིན་མེད་ཐོག་སྨན་བཅོས་དང་འཕྲོད་བསྟེན་ཞབས་ཞུ་བྱེད་བཞིན་པ་མ་ཟད། རྒྱས་པར་གཟིགས་་

དཔལ་ལྡན་རྒྱུད་བཞི་བློ་ལ་ཟིན་པའི་སློབ་མ་ཕག་མོ་འཚོ།

ལྷག་པར་འདིར་བསྟན་འཛིན་སྐྱེས་བུ་རྒན་གྲས་རྣམས་ཡིད་མགུ་བ་དང་། ན་མཉམ་དང་གཞོན་སྐྱེས་རྣམས་ཀྱིས་སློབ་སྦྱོང་བྱ་བའི་མིག་དཔེར་རུང་བ་སློབ་མ་ཕག་མོ་འཚོ་ཡིས་དཔལ་ལྡན་རྒྱུད་བཞི་ཆ་ཚང་བ་བློ་འཛིན་སྤྲད་པ་ནི་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་ཕན་པ་བླ་ལྷག་ལྡན་པ་འབའ་ཞིག་ཡིན། རྒྱས་པར་གཟིགས་་

འཕྲོད་བསྟེན་སྐོར་དམིགས་བསལ་ཚོགས་ཆེན་ལས་བྱུང་བའི་གྲོས་གཞི་གྲོས་ཆོད།

ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༦ ནས་ཚེས་ ༡༨ བར་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་མི་མང་གི་འཕྲོད་བསྟེན་ཞབས་ཞུ་སྤྱི་དང་། ལྷག་པར་ནད་རིགས་སྔོན་འགོག་གི་ལས་དོན་ཚགས་ཚུད་ཡོང་ཐབས་སོགས་ཀྱི་སྐོར་དམིགས་བསལ་ཚོགས་ཆེན་ཚོགས་སྐབས་ཀྱི་གྲོས་གཞི་གྲོས་ཆོད་གཤམ་གསལ། རྒྱས་པར་གཟིགས་་

སྨན་སློབ་སྐབས་༢༠རྒྱུགས་སྤྲོད་རིམ་པ་གཉིས་པའི་གྲུབ་འབྲས་གསལ་བསྒྲགས།

བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་ཡིག་ཚད་ཚོགས་ཆུང་ནས་སྨན་སློབ་སྐབས་༢༠ གསར་བསྡུའི་རྒྱུགས་སྤྲོད་རིམ་པ་གཉིས་པ་བཏང་བའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད། ཐུགས་སྣང་དགོས་པ།: སྨན་སློབ་སྐབས་༢༠ ནང་ཚུད་ཟིན་པ་རྣམས་ནས་མཐོ་སློབ་ཁང་དུ་ཐོག་མའི་འབྱོར་ཐོ་སོགས་ཀྱི་ཟླ་ཚེས་ལ་ངེས་པར་དུ་ཐུགས་སྣང་སླད་གཤམ་གྱི་གསལ་བསྒྲགས་ལ་གཟིགས་ཞིབ་ཡོང་བ་ཞུ། རྒྱས་པར་གཟིགས་་

སྨན་སློབ་སྐབས་༢༠འཛུལ་ཞུགས་རྒྱུགས་འབྲས་གསལ་བསྒྲགས།

དྷ་ས་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་སྡེ་ཚན་ནས་ཕྱི་ལོ་༢༠༡༦ ཟླ་༤ ཚེས་༢༩ ནས་ཟླ་༥ ཚེས་༢ ཏེ་ཉིན་བཞི་རིང་སྨན་སློབ་སྐབས་༢༠ གསར་བསྡུའི་འཛུལ་ཞུགས་རྒྱུགས་སྤྲོད་རིམ་པ་དང་པོ་བཏང་བའི་གྲུབ་འབྲས་དང་། དེ་བཞིན་སྨན་སློབ་སྐབས་༢༠ ནང་ཚུད་ཡོད་པ་རྣམས་ལ་དམིགས་བསལ་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་གཟིགས། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ནང་དོན་རིག་པའི་ལུས་སེམས་སྲོག་གི་རྒྱུ་རྐྱེན།

མ་ཞུ་བའི་ནད་སྐོར་གླེང་བ།

རུས་དུམ་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་ལ་དཔྱད་པ།

བྱིས་པའི་གདོན་ཆེན་བཅོ་ལྔ་ཞི་བའི་གཟུངས།

སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན།

སྐ་བ་ཤཱཀྱ་དབང་ཕྱུག

ཟུར་མཁར་བློ་གྲོས་རྒྱལ་པོ།

བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ།

སེམས་ངལ་གྱི་རྒྱུ་རྐྱེན་སོགས་གླེང་བ།

ཁ་ཆེ་ཕ་ལུའི་བསླབ་བྱའི་སྐོར་གླེང་བ།

སེམས་ཕྲ་རགས་དང་འཆི་རིམ་གྱི་རྣམ་གཞག

འཇལ་བྱེད་ཀྱི་ཚད་དང་གྲངས་ཀྱི་རྣམ་གཞག

ཨཱརྱ་བྷ་ཊས་བཤད་པའི་གོ་ལའི་འཁོར་བགྲོད།

མཁའ་རྡུལ་དང་གོ་ལའི་འཁོར་བགྲོད།