སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་རྩིས་མཐོ་སློབ་ཁང་ནས་བསླབ་པ་མཐར་སོན་པའི་སྨན་རྩིས་པ་རྣམས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དམིགས་བསལ་དུ་གསེར་ཞལ་མཇལ་ཁ་དང་གསུང་གི་བདུད་རྩི་བཀའ་དྲིན་སྩལ་སྲོལ་ཡོད་པ་འདི་ནི་ཕལ་ཆེར་སྨན་རྩིས་པ་སྐབས་དང་པོ་ནས་བཟུང་འོ་ཅག་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་འགྱུར་ཡོད་པ་བཞིན། རྒྱས་པར་གཟིགས་་

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཆུ་དང་གློག་བཟོ་མཁན་གཅིག་གི་ས་མིག་ཡོད་ན། ཆ་རྐྱེན་ལྡན་ཞིང་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ནས་འགེངས་ཤོག་འཐུས་ཚང་བཀང་སྟེ་འབྲེལ་ཡོད་ཚན་པར་འདི་ལོའི་ཟླ་ ༤ ཚེས་ ༢༣ ཉིན་བར་འགྱངས་མེད་འབུལ་ཐུབ་པ་དགོས།

རྒྱས་པར་གཟིགས་་

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་སྟོང་པ་ཡོད་ན། ཆ་རྐྱེན་ཚང་ཞིང་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ནས་འགེངས་ཤོག་འཐུས་ཚང་བཀང་སྟེ་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡༤ འགྱངས་མེད་འབྲེལ་ཡོད་ཚན་པར་འབུལ་ཐུབ་པ་དགོས། རྒྱས་པར་གཟིགས་་

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་རྩིས་རིག་གཞུང་ལྷན་ཚོགས་ནས་ཇི་ལྟར་བསླབ་པ་མཐར་སོན་པའི་སྨན་སློབ་སྐབས་ ༢༢ ཀྱི་སྨན་པ་རྣམས་ཀྱིས་རེ་སྐུལ་ཞུས་པ་བཞིན། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༡ ནས་ཟླ་ ༤ ཚེས་ ༡༠ བར་དུས་ཡུན་ཟླ་གཅིག་རིང་སྨན་པ་ཉེ་བའི་འབུམ་རམས་པ་བསྟན་འཛིན་མཐའ་ཡས་དྲུང་ནས་སྐམ་ཁབ་ཟབ་སྦྱོང་འབུལ་རྒྱུའི་ལས་རིམ་ཞིག་གོ་སྒྲིག་ཞུས་པ་ལེགས་གྲུབ་བྱུང་ཡོད།
རྒྱས་པར་གཟིགས་་

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་སྐྱེས་པ་གཉིས་དང་བུད་མེད་གཉིས་ཀྱི་ས་མིག་ཡོད་ན་ཆ་རྐྱེན་ཚང་ཞིང་འཛུལ་འདོད་ཡོད་པའི་བོད་རིགས་རྣམས་ནས་འགེངས་ཤོག་འཐུས་ཚང་བཀང་སྟེ་འདི་ཟླའི་ཚེས་ ༣༠ འགྱངས་མེད་འབྲེལ་ཡོད་ཚན་པར་བསྐུར་ཟིན་པ་དགོས་རྒྱུ།

རྒྱས་པར་གཟིགས་་

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་དྷ་ས་དང་ཅོན་ཏ་ར་སྨན་སྦྱོར་ཁང་གཉིས་སུ། ལས་མི་སྐྱེས་པ་༡༠དང་། བུད་མེད་༨ཀྱི་ས་མིག་ཡོད་ན་ཆ་རྐྱེན་ཚང་ཞིང་འཛུལ་འདོད་ཡོད་པའི་བོད་རིགས་རྣམས་ནས་འགེངས་ཤོག་འཐུས་ཚང་བཀང་སྟེ་འདི་ཟླའི་ཚེས་ ༣༠ འགྱངས་མེད་འབྲེལ་ཡོད་ཚན་པར་བསྐུར་ཟིན་པ་དགོས་རྒྱུ།

རྒྱས་པར་གཟིགས་་

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

ད་ལོའི་ཨ་རི་རྫས་སྦྱོར་རིག་པ་མཐུན་ཚོགས་ཀྱི་དཔྱིད་ཀའི་ཚོགས་འདུར་སྤེལ་བའི་ཞིབ་འཇུག་ལྟར་ན། འགྱིག་བྱི་རིལ་གྷ་རམ་རེ་ལས་འགྱིག་སྙིགས་ཕྲ་མོ་ (microplastic) ཆ་སྙོམས་ ༡༠༠ གློད་གྲོལ་བྱུང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད། ཞིབ་འཇུག་འདི་ལས་རོགས་ནང་ཁུལ་བསྐྱར་ཞིབ་བྱས་པའི་དུས་དེབ་ (peer-reviewed journal) ནང་པར་སྐྲུན་བྱས་མེད། རྒྱས་པར་གཟིགས་་

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

ཕྱི་ཟླ་ ༤ ཚེས་ ༧ ཉིན་ནི་གོ་ལ་ཁྱོན་ཡོངས་སུ་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན། འདི་ཉིན་འདི་ག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་བདེ་དོན་ཚོགས་ཆུང་ནས་སྨན་རྩིས་ཁང་གི་ལས་ཁུངས་ཁག་གི་ལས་བྱེད་ཕན་ཚུན་དབར་མཐུན་ལམ་ཆེས་ཟབ་གཏོང་ཕྱིར་དང་། ལྷག་པར་ལུས་སེམས་བདེ་ཐང་ཡོང་ཆེད་སིལ་སྤོལ་རྩེད་འགྲན་ཞིག་གོ་སྒྲིག་ཞུས་ཡོད། རྒྱས་པར་གཟིགས་་

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

དེ་རིང་འདི་གར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་སླར་གསོ་འམ་གསར་འཛུགས་བསྐྱངས་ནས་མི་ལོ་  ༦༤  དང་། བོད་དུ་ལྷ་ས་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༩ འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་པའི་དུས་ཆེན་ཉིན་རྣམ་པ་ལྷན་རྒྱས་ལ་སྙིང་ཐག་པ་ནས་བྱོན་པ་ལེགས་ཞེས་དགའ་བསུ་དང་སྦྲགས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།  རྒྱས་པར་གཟིགས་་

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༥ ཉིན་མཐོ་སློབ་ཚོགས་ཁང་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ལྡན་སྨན་རྩིས་ཁང་ཕྱི་ལོ་ ༡༩༡༦ ལོར་ཕྱག་བཏབ་ནས་ལོ་ངོ་ ༡༠༩ དང་། བཙན་བྱོལ་དུ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་ཚོགས་གནང་སོང་། རྒྱས་པར་གཟིགས་་

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

ཕྱི་ལོ་ ༢༠༢༥ ཟླ་ ༣  ཚེས་ ༢༥ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་སྐབས། ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ ལོན་པ་ལྔ་དང་། ༢༠ ལོན་པ་བཅུ་གཉིས་འབྱུང་བ་རྣམས་ལ་ཕྱག་ཁྱེར་དང་ཕྱག་རྟགས་བསྩལ་ཡོད་ཅིང་། ཁོང་རྣམ་པའི་རླབས་ཆེན་གྱི་སྲི་ཞུ་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་ངོ་སྤྲོད་སྙིང་བསྡུས་རེ་ཞུ་རྒྱུ། རྒྱས་པར་གཟིགས་་

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཟླ་ ༤ ཚེས་ ༡༠ བར་ཉིན་བཅུའི་རིང་བཞུགས་སྒར་དང་ནོར་གླིང་ཁུལ་དུ་བཞུགས་པའི་རིས་མེད་སེར་སྐྱ་མང་ཚོགས་ལ་ྋསྐུ་བཅར་སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་གཙོས་སྨན་པ་གྲངས་ ༢༣ ནས་རིན་མེད་ཐོག་སྐམ་ཁབ་དཔྱད་བཅོས་ཞུ་རྒྱུ་བརྟེན་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་ཕེབས་གནང་ཡོང་བ་ཞུ། རྒྱས་པར་གཟིགས་་

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་སྨན་རྩིས་ལས་སྣེ་བ་གྲངས་བཞི་ཡི་ས་མིག་ས་སྟོང་ཡོད་པར། ཆ་རྐྱེན་ལྡན་ཞིང་འཛུལ་ཞུགས་གནང་འདོད་ཡོད་པའི་རང་རིགས་ནས་དགོས་ངེས་འགེང་ཤོག་འཐུས་ཚང་བཀང་སྟེ་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༥ ཉིན་བར་འབྲེལ་ཡོད་ཚན་པར་འགྱངས་མེད་འབུལ་ཐུབ་པ་དགོས་རྒྱུ།
རྒྱས་པར་གཟིགས་་

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱབ་ཞིང་གཤེགས་དམ་པ་དེའི་ཆེད་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་གཞུང་འབྲེལ་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཚོགས་པ་དང་། ཚོུད་ ༣ པ་ནས་དམ་པ་ཁོང་ལ་མྱ་ངན་གུས་བཏུད་མཚོན་ཆེད་ལས་མཚམས་བཞག་གནང་ཡོད། རྒྱས་པར་གཟིགས་་

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་བཙུགས་ཀྱིས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་ཡོད། ཡན་ལག་སྨན་ཁང་དེ་ཉིད་གཙོ་བོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཛམ་གླིང་ས་ཕྱོགས་གང་སར་ནས་གནས་གཟིགས་ལ་ཕེབས་མཁན་གྱི་ཆོས་ཞུ་བ་དང་། ཡུལ་སྐོར་བ། དེ་བཞིན་ནད་མནར་ཅན་ཀུན་ལ་བོད་སྨན་གྱི་ཁེ་ཕན་ཐོབ་སླད་བཙུགས་པ་ཞིག་ཡིན། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།